88873

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤར་ཆོས་བློ་བཟང་བསྟན་འཛིན་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་༡༡༨ པ་ཤར་ཆོས་བློ་བཟང་བསྟན་འཛིན་ནི། ༡༩༣༧ མདོ་སྟོད་ཡ་ར་རི་སྟོད་སད་ཤར་ཞེས་པ་ཞིང་པ་ཞིག་ཏུ་ཡབ་རྟ་མགྲིན་ཕུན་ཚོགས་དང། ཡུམ་ཆོས་མཚོ་ཞེས་བྱ་བའི་སྲས་སུ་འཁྲུངས། དགུང་ལོ ༩ ཐོག་ཡ་ར་དཔལ་ལྡན་ཚེམས་དགོན་གྲྭ་ཚང་དུ་ཞུགས། དགུང་གྲངས་༡༡ སྐབས་བླ་མ་བློ་བཟང་རིན་ཆེན་མཆོག་གི་སྤྱན་སྔར་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཞུས། མཚན་ལ་བློ་བཟང་བསྟན་འཛིན་གསོལ། ༡༩༥༡ དགུང་ལོ་ ༡༦ སྐབས་དབུས་སུ་ཕེབས་ཏེ་འབྲས་བློ་གླིང་དུ་ཞུགས། དགེ་བའི་བཤེས་གཉེན་ཆེན་པོར་ཕུ་ཁང་རྒན་ངག་དབང་ཕུན་ཚོགས་སོགས་དུ་མའི་དྲུང་ནས་གཞུང་ཆེན་ལ་སྦྱང་བརྩོན་ཚུན་བཞིན་མཛད། ༡༩༦༤ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཞལ་སྔ་ནས་ཚིགས་ཕྱི་མའི་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ༡༩༨༢ དགུང་ལོ ༤༦ སྐབས་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་འཇོག་མཛད། ༡༩༨༣ དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཆོས་འགྲིམ་གདིང་བ་བརྒྱབ། དེའི་ལོར་བྲག་ཡེར་པའི་ཆོས་ཐོག་སྐབས་སྔགས་ དམ་བཅའ་འཇོག། ༡༩༨༩ ལོར་༸གོང་ས་མཆོག་ནས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་དབུར་ཕྱག་རྟགས་ཕེབས་ཏེ་བླ་དབུའི་མཛད་འགན་སྔར་གྱི་ཕྱག་སྲོལ་ཁག་ལ་གཟིགས་སྐྱོང་གནད་སྨིན་མཛད། དེ་ནས་༡༩༩༣ ལོར་མཁན་ཁྲིར་ཕེབས་ཏེ་ལོ་གསུམ་རིང་གཙོ་བོ་ཆོས་འཆད་ཉན། འགྲེལ་པ་བཞི་སྦྲགས་སོགས་འཆད་ཉན་རྣམས་སྔོན་སྲོལ་བཞིན་མཛད། ༡༩༩༦ ལོར་མཁན་པོའི་ཁྲི་བཤོལ་གྱིས་སླར་ཡང་འབྲས་སྤུངས་སུ་སློབ་གཉེར་བ་རྣམས་དཔེ་ཁྲི་སོགས་མཛད་མུར་ཤར་པ་ཆོས་རྗེའི་ཁྲིར་འཁོད་ནས་བསྟན་འགྲོའི་བྱ་བ་རྒྱ་ཆེར་མཛད་བཞིན་པ།

{{#arraymap:ཤར་ཆོས་བློ་བཟང་བསྟན་འཛིན་

|; |@@@ | | }}