88874

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤར་ཆོས་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་༨༥ ཡོངས་འཛིན་ཤར་ཆོས་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་དཔལ་བཟང་པོ་ཞལ་སྔ་ནས་ནི། ཕྱི་ལོ་༡༨༥༠ ལྕགས་ཕོ་ཁྱི་ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས་ཤིང་། སྐུ་གཞོན་ནུའི་དུས་ནས་གདན་ས་ཆེན་པོ་འབྲས་བློ་གླིང་གྲྭ་ཚང་དུ་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གསན་སྦྱངས་རྒྱ་ཆེར་མཛད་དེ་མཁས་གྲགས་ཀྱི་སྙན་པས་ཕྱོགས་གང་སར་ཁྱབ། དེ་ནས་གསང་སྔགས་ཀྱི་བསྟི་གནས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་སྒྲིགས་ཞུགས་ཀྱིས་རིམ་བཞིན་ཁ་གཏད་དགེ་བཤེས་དང་། སྔགས་དམ་འཇོག། དགེ་བསྐོས་བཅས་ཀྱི་མཛད་འཁུར་བཞེས་པར་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་གནས་དམ་པར་གྱུར། དེ་ནས་རིམ་པས་རྒྱུད་པའི་བླ་དབུ་དང་། མཁན་ཁྲིར་ཕེབས་ཏེ་སྔར་གྱི་བཞེད་སྲོལ་ཐུན་མོང་མ་ཡིན་པའི་ཆོ་ག་ཕྱག་ལེན་དང་། ཐིག་རྡུལ་ཚོན། འདོན་རྟ་དབྱངས། འདུལ་ཁྲིམས་བཅས་ལ་དག་ཐེར་ལེགས་པར་མཛད་དེ་བསྟན་པ་རིན་པོ་ཆེ་རྨང་ནས་གསོ་བར་མཛད། ཁྲི་ཟུར་ནས་ཀྱང་དགུང་གྲངས་ ༤༦ པ་ཕྱི་ལོ་༡༨༩༥ པར་༸རྒྱལ་དབང་བཅུ་གསུམ་པའི་ཡོངས་འཛིན་མཛད་དེ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་སྤྲོ་བར་མཛད། དགུང་གྲངས་༥༣ པ་ཕྱི་ལོ་༡༩༠༢ ཆུ་ཕོ་སྟག་གི་ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན། གསུམ་འབུམ་པོད་གཅིག་བཞུགས།

{{#arraymap:ཤར་ཆོས་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་

|; |@@@ | | }}