88875

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤར་ཆོས་མཚུངས་མེད་བློ་བཟང་དར་རྒྱས་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་༧༥ ཤར་ཆོས་མཚུངས་མེད་བློ་བཟང་དར་རྒྱས་ནི། རྒྱལ་རོང་བཙན་ལྷ་མི་ཁོས། ཆུ་ལེགས་ཀྱི་ཚ་ཧོ་ཁྱིམ་དུ་འཁྲུངས། དགུང་གྲངས་ ༢༣ བར་དུ་ཁྱིམ་པའི་རྟེན་ཅན་གྱི་ཤིང་གཅོད་པ་སོགས་བྱ་གཞག་མང་ཡང་ཁྱིམ་རྒྱབ་ཏུ་ཕུག་པའི་ནང་རྡོ་བརྐོས་བྱས་པ་སོགས་མཚན་མ་མི་འདྲ་བ་བྱུང་། སྐབས་ཤིག་ཁྱིམ་གྱི་བྱ་གཞག་ལ་ཡིད་འབྱུང་སྟེ་དབུས་སུ་ཕེབས་ཏེ་སེར་སྨད་གྲྭ་ཚང་དུ་གཞུང་ཆེན་མོར་ཐོས་བསམ་སློབ་གཉེར་མཐར་ཕྱིན་མཛད། དེ་ནས་ལྷ་རམས་གྲྭ་སྐོར་དང་། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་སྔགས་ཀྱི་ཉམས་བཞེས་ཚུལ་བཞིན་མཛད་དེ་རིམ་བཞིན་བླ་དབུ་དང་། མཁན་ཁྲིར་ཕེབས། དེ་ནས་ཤར་པ་ཆོས་རྗེར་ཕེབས། དགའ་ལྡན་དུ་སྐབས་ཤིག་ལ་རྒྱ་འདྲེའི་གནོད་པ་བྱུང་བ་རྩ་མེད་དུ་མཛད་པ་སོགས་བསྟན་འགྲོར་སྨིན་པའི་མཛད་རྗེས་ཆེ་བ་ཤིན་ཏུ་མང་།

{{#arraymap:ཤར་ཆོས་མཚུངས་མེད་བློ་བཟང་དར་རྒྱས་

|; |@@@ | | }}