88882

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤར་པ་བཀའ་བརྒྱུད་ (1)
Part of speech མིང་ཚིག
Definition སློབ་དཔོན་ཕུག་པའི་སློབ་མ་ཤར་པ་བསོད་ནམས་སེང་གེ་མཆོག་ནི། མདོ་ཁམས་སྨད་ནས་སྐུ་འཁྲུངས་པ་ཡིན་ཞིང༌། སྨར་ཚང་གི་ཆོས་རྗེ་འོད་ཟེར་བླ་མ་དང་མཇལ་ནས་ཆོས་མང་དུ་གསན། ཁོང་ལ་སློབ་དཔོན་བདུན་ཡོད་པ་སྟེ། ཕུག་པ་ཚུལ་ཁྲིམས་ཡེ་ཤེས་ཀྱི་སྙན་པ་ཐོས་ནས་ཀིལ་སྣའི་རི་ཁྲོད་དུ་བྱོན། ལོ་དྲུག་ཏུ་བླ་མའི་དྲུང་དུ་བསྒོམ། བླ་མ་རིན་པོ་ཆེའི་ལུང་བསྟན་པ་བཞིན་རྔ་རོང་གི་དགོན་བཏབ(འདི་ནི་ནང་ཆེན་རྫོང་སྐྱོ་བྲག་ཤང་ཀ་ཐོད་རུ་ཆེན་གྱི་མངའ་ཁུངས་སུ་ཡོད།)གྲྭ་པ་བསྐྱངས་བས་ལོ་གཅིག་ལ་དགེ་འདུན་པ་ལྔ་བཅུ་ཙམ་བྱུང༌། དེ་རྣམས་ཀྱིས་སྒྲུབ་པ་གཙོ་བོར་མཛད་པའི་དམ་བཅའ་གནང༌། སྙིང་ཐང་སྟོད་དུ་བཀྲ་མདོ་དགོན་བཏབ།(འདི་ནི་སྐྱོ་བྲག་ཤང་གི་བྱང་ཕྱོགས་སུ་བཀྲ་ནང་ཟེར་བའི་ལུང་པའི་མདའ་རུ་ཆགས་ཤུལ་ཡོད) གཙུག་ལག་ཁང་གསེར་གྱི་གཎྜི་ར་དང་ལོག་བྲིས་གསེར་སྐུ་ལྡེར་སྐུ་སོགས་བསམ་གྱིས་མི་ཁྱབ་པ་དང་རྨ་ཁྱིམ་གྱི་རི་དགོན་མཛད་པ་སྟེ། བདུན་ཆུ་དོན་གཉིས་ལ་གཤེགས། རབ་བྱུང་ལྔ་པའི་ནང་ཙམ་ལ་བྱོན། སེམས་ཅན་ལ་ཕན་ཐོགས་པའི་སློབ་མ་ཤ་སྟག་བྱུང་ཞིང་བརྒྱུད་འཛིན་ནི་རིགས་དབོན་བསོད་ནམས་གྲགས་པ་སྟེ། བླ་མ་ལ་གདམས་པ་ཐམས་ཅད་གསན། མངོན་ཤེས་དང་སྐུ་ལུས་སྤྲུལ་བསྒྱུར་ལ་ཐོགས་པ་མེད། རྔ་རོང་དང་བཀྲ་མདོའི་གདན་ས་མཛད། ཞི་བར་གཤེགས་དུས་ལྷ་རྣམས་ཀྱིས་མཆོད་རྫས་ཐོགས་ཏེ་མངོན་སུམ་དུ་མཆོད་པ་བྱུང༌། དེའི་རིགས་དབོན་གྱི་བརྒྱུད་པ་ལ་བླ་མ་མཁས་གྲུབ་དུ་མ་བྱུང་།

{{#arraymap:ཤར་པ་བཀའ་བརྒྱུད་

|; |@@@ | | }}