88884

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤར་པ་འགའ་ཞིག་གིས་འདོད་པའི་དོན་གསལ་ (1)
Part of speech མིང་ཚིག
Definition དོན་གསལ་གྱི་ཡོན་ཏན་གྱི་ནང་གསེས་ཤིག་སྟེ། བརྗོད་བྱའི་དོན་བདེ་བླག་ཏུ་རྟོགས་ནུས་པའི་སྐལ་བ་བཟང་པོ་སྟེ་ཁྱད་ཆོས་དང་མི་ལྡན་ཞིང་། སྒྲ་ཡི་ཚུལ་ལུགས་ལས་འགོངས་པ་སྟེ་སྒྲ་དང་རྟགས་ལ་བརྟེན་ནས་གསལ་བར་རྟོགས་མི་ནུས་པ་འདི་འདྲ་ནི་ཤར་ཕྱོགས་པ་འགའ་ཞིག་གིས་འདོད།
Example དབྱངས་ཅན་དགའ་བློས། རྒྱ་ཆེན་ནོར་གྱི་མཛོད་ལ་དབང་བསྒྱུར་བའི། །འདོད་སྲེད་ཆང་གིས་མྱོས་པའི་རཱ་བ་ཎ། ། ཕུན་ཚོགས་སྟོབས་འབྱོར་དཔལ་གྱིས་དྲེགས་ན་ཡང་། །གཡུལ་ངོ་མཚོན་ཆའི་ལམ་ནས་མཐོ་རིས་བགྲོད། །ཅེས་པ་ལྟ་བུ།
Domain རྩོམ་རིག

{{#arraymap:ཤར་པ་འགའ་ཞིག་གིས་འདོད་པའི་དོན་གསལ་

|; |@@@ | | }}