88892

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤར་པའི་མཛེས་པའི་ཡོན་ཏན་ (1)
Part of speech མིང་ཚིག
Definition མཛེས་པའི་རྒྱན་གྱི་ནང་གསེས་གཉིས་པ་སྟེ། བསྟོད་བྱའི་ཡུལ་དེ་ལ་འཇིག་རྟེན་གྱི་མཚམས་ལས་འདས་ཤིང་འུད་ཆེན་པོའི་སྒོ་ནས་བློར་མི་ཤོང་བའི་བསྔགས་པ་བརྗོད་པ་ཡིན། འདི་ནི་བསྔགས་པ་ཧ་ཅང་བརྗོད་པའི་རྒྱན་ཞིག་ཡིན་པས་ཤར་ཕྱོགས་གཽ་ཌཱ་པའི་ལམ་ལ་མཛེས་པར་བརྗོད་དོ། །འདི་ལ་སྔོན་བྱུང་གི་གཏམ་ལ་སྦྱར་བ་དང་། བསྔགས་པ་ལ་སྦྱར་བ་གཉིས་ཡོད།
Example བོད་མཁས་པས། རས་དཀར་འདབ་མ་རབ་བསྐྱོད་མཐུ་ཆེན་གྱིས། །ལན་གཅིག་མིན་པར་གཤེགས་ཤུལ་བྷོ་ཊའི་མཁའ། ། དག་པའི་སྣང་བ་རབ་འབྱམས་འོག་མིན་ཞིང་། །སྟུག་པོ་བཀོད་པའི་ཡོན་ཏན་ལས་ཀྱང་བརྒལ། །ཞེས་པ་སྔོན་བྱུང་གི་གཏམ་ལ་སྦྱར་བ་དང་། ཡང་། རྒྱལ་དབང་ལྔ་པས། དཔང་ལོའི་མཁྱེན་པའི་འདོམ་གྱིས་ཆོས་ཚུལ་ཀུན། །དཀའ་བའི་དོགས་བྲལ་སྐད་ཅིག་ལ་གཞལ་བས། ། གང་བློའི་དཔྱོད་ལ་འོས་པའི་ཤེས་བྱ་ཞིག ། རྒྱལ་དང་བྱེད་པོས་ལན་བརྒྱར་སྤྲུལ་ཀྱང་ཉུང་། །ཞེས་པ་ལྟ་བུ་བསྔགས་པ་ལ་སྦྱར་བའོ། །
Domain རྩོམ་རིག

{{#arraymap:ཤར་པའི་མཛེས་པའི་ཡོན་ཏན་

|; |@@@ | | }}