88895

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤར་པའི་ཤིན་ཏུ་གཞོན་པའི་ཡོན་ཏན་ (1)
Part of speech མིང་ཚིག
Definition ཤིན་ཏུ་གཞོན་པའི་ཡོན་ཏན་གྱི་ནང་གསེས་གཉིས་པ་སྟེ། ཚིག་སྦྱོར་གྱི་ནང་དུ་ཡི་གེ་ཕལ་ཆེར་རྩུབ་པ་སྟེ། རྩུབ་པ་མང་བས་ཁ་ནས་བརྗོད་པར་དཀའ་བ་དག་ཀྱང་སྦྱོར་ཞེས་དངོས་སུ་བསྟན་ནས། ཀྱང་སྒྲས་ལྷོ་པའི་བཞེད་པ་ལྟར་གཏན་ནས་མི་འདོད་པའང་མིན་པར་སྟོན།
Example བོད་མཁས་པས། སྦྲང་རྩིའི་དྲི་ཡིས་རབ་དྲེགས་བྷྲ་མ་རས། །བནྡྷུ་ཀ་ཡི་འཁྲི་ཤིང་འགྲམ་པར་རྩེ། ། རྨ་བྱ་རྒྱགས་པའི་གྲེ་འགྱུར་སྒྲོག་པ་ཡང་། །འཁྱོག་པོའི་མགྲིན་ལྡན་ཀྲི་ཎཱ་ས་རས་ཉན། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག

{{#arraymap:ཤར་པའི་ཤིན་ཏུ་གཞོན་པའི་ཡོན་ཏན་

|; |@@@ | | }}