88902
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་རྒྱུད། རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་བརྐྱང་བ་རྡོ་རྗེ་འདྲ་བ་བྱས་པ་ནི་རྡོ་རྗེ་སེམས་དཔའི་འོ། །དེ་ཉིད་ལས་མཛུབ་མོ་གཡས་བཀུག་པ་ནི་རྡོ་རྗེ་རྒྱལ་པོའི་འོ། །དེ་ཉིད་ལས་མཛུབ་མོ་གཉིས་མདའ་འདྲ་བར་སྦྱར་བ་ནི་ཆགས་པའི་འོ། ། དེ་ཉིད་སླར་བཀུག་སྟེ་མཐེ་བོང་གཉིས་ལ་སྦྱར་ནས་སེ་གོལ་གཏོགས་པ་ནི་ལེགས་པའི་འོ་ཞེས་ངོར་ཆེན་ཀུན་དགའ་བཟང་པོའི་ཀུན་རིག་གི་སྒྲུབ་ཐབས་སྒྲིབ་པ་རྣམ་སེལ་ལས་སོ། ། |
| Domain | ཆོས་ལུགས། |