88915
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགེ་ལུགས་པའི་གདན་ས་སེ་འབྲས་དགའ་གསུམ་གང་རུང་གི་དགེ་བཤེས་ལྷ་རམས་པ་ཐོན་ནས་རྒྱུད་སྟོད་གྲྭ་ཚང་དུ་སྔགས་ཀྱི་སློབ་གཉེར་བྱས་ཏེ་སྔགས་རམས་པ་ཐོན་རྗེས་རྒྱུད་པའི་དགེ་བསྐོས་ཟླ་བ་བཞི། བླ་མ་དབུ་མཛད་ལོ་གསུམ། མཁན་པོ་ལོ་གསུམ། མཁན་ཟུར་ལོ་འགའ་ཤས་ཐོག་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཁྲི་ཐོག་ཏུ་ཕེབས་ཏེ་ཤར་པ་ཆོས་རྗེ་ལོ་བཅུ་བཞི། དེ་ནས་དགའ་ལྡན་ཁྲི་ལ་ཕེབས་ཏེ་ཁྲི་པ་ལོ་བདུན་བྱེད། |
| Domain | འཛིན་སྐྱོང་། |