88927

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤར་སྐལ་ལྡན་མཚོའི་སྐུ་ཕྲེང་གཉིས་པ་སྐལ་ལྡན་ངག་དབང་འཕྲིན་ལས་ (1)
Part of speech མིང་ཚིག
Definition ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་རྟ་ཕྱི་ལོ་༡༦༧༨ལོར། མདོ་སྨད་རོང་བོའི་ཕྱོགས་སུ་ཡབ་རོང་བོའི་བུ་ཆོས་སྐྱོང་གི་སྲས་སུ་འཁྲུངས། དགུང་ལོ་བདུན་པར་བ་སོ་རྗེ་དྲུང་ངག་དབང་དཀོན་མཆོག་ཉི་མའི་དྲུང་ནས་རབ་ཏུ་བྱུང། དགུང་ལོ་ཉི་ཤུའི་ཐོག་དབུས་སུ་ཕེབས། འབྲས་སྤུངས་སྒོ་མང་གི་ཆོས་གྲྭར་ཞུགས་ནས་གཞུང་ཆེན་ཁག་ལ་ཐུགས་གཉེར་གནང། པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་པར་རྫོགས། དགུང་ལོ་ཉེར་ལྔ་བར་༸གོང་ས་རྒྱལ་དབང་དྲུག་པས་དགའ་ལྡན་ཨ་ཆི་ཐུ་ཨེར་ཏི་ནི་ནོ་མོ་ཧན་གྱི་ཆོ་ལོ་དང། ཐམ་ག གདུགས་རྟ་དར། འབོག་ལྕག་སོགས་ཆེན་པོར་འོས་པའི་གཟེངས་བསྟོད་གནང། སླར་རོང་བོ་བདེ་ཆེན་ཆོས་འཁོར་གླིང་དུ་ཕེབས། ནང་སོ་ངག་དབང་བློ་བཟང་དང་བཀའ་བགྲོས་མཛད་དེ་རོང་བོ་སྨོན་ལམ་གསར་དུ་བཙུགས་པ་དང། དགུང་གྲངས་ང་བདུན་པར་རོང་བོའི་གྲྭ་ཚང་གསུམ་གྱི་ཡ་གྱལ་རྒྱུད་པ་གྲྭ་ཚང་གསར་དུ་བཙུགས་ནས་ཆོས་ཁྲི་དང་པོར་བྱིན་གྱིས་བརླབས། དགུང་གྲངས་རེ་གཉིས་ལ་ཕེབས་པ་རབ་བྱུང་བཅུ་གཉིས་པའི་ས་ལུག་ཕྱི་ལོ་༡༧༣༩ལོར་སྐུ་གཤེགས། གསུང་རྩོམ་ལ། རྗེ་རིན་པོ་ཆེ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དང། རྗེ་ཤེས་རབ་བཀྲ་ཤིས་པའི་རྣམ་ཐར་སོགས་པོད་གཅིག་བཞུགས།