89
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཡེ་ནས་སྟོང་པའི་དོན་ཏེ། ཡི་གེ་རྣམས་ཀྱི་ཐོག་མ་ཀ་མེད་ན་གཞན་རྣམས་མེད་པ་དང་འདྲ་བའི་ཕྱིར་ན་དེ་ལྟར་བཏགས་པ་སྟེ། ཀ་ནས་དག་པ། དང་པོ་ནས་དག་པ། ཐོག་མ་ནས་དག་པ། ཡེ་ནས་དག་པ། གདོད་མ་ནས་དག་པ་ཞེས་བྱ་སྟེ། ཀ་དག་ཅེས་པ་རྫོགས་པ་ཆེན་པོའི་ཐུན་མིན་གྱི་ཆོས་སྐད་ལྟ་བུར་སྣང་ལ། འདི་ལ་སྟོང་ཉིད་ལྟ་བུ་ཐུན་མོང་གི་ཆོས་སྐད་ལས་ཟབ་པའི་གོ་བ་མང་པོ་ལེན་རྒྱུ་ཡོད་པ་འདྲ། ཡིད་ཀྱི་མུན་སེལ་ལས། དེའང་ངོ་བོ་གང་དུའང་མ་གྲུབ་པས་ཀ་དག་ཅེས་བྱ་ལ། ཞེས་གསུངས། ནང་གསེས་སུ། དབྱིངས་ཀ་དག་དང་། ཡེ་ཤེས་ཀ་དག་དང་། གཉིས་མེད་ཀ་དག་བཅས་གསུམ་དུ་གསུངས། |
Domain | [ཆོས་ལུགས།, ལྟ་གྲུབ།] |
{{#arraymap:ཀ་དག་
|; |@@@ | | }}