89010

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤཱཀྱ་ཐུབ་པ་ (1)
Part of speech མིང་ཚིག
Definition བསྐལ་བཟང་སངས་རྒྱས་སྟོང་གི་བཞི་པ་སངས་རྒྱས་ཤཱཀྱ་ཐུབ་པ་སྟེ། ཕྱི་ལོའི་སྔོན་གྱི་ ༦༢༥ པའི་མེ་སྤྲེལ་ལོར་སྐུ་འཁྲུངས། མཚན་ལ་དོན་ཀུན་གྲུབ་པར་གསོལ། ས་འཚོ་མ་སོགས་ཁབ་ཏུ་བཞེས་ཏེ་བཙུན་མོའི་ཚོགས་ཀྱིས་བསྐོར་ཏེ་རྒྱལ་སྲིད་བསྐྱངས། དགུང་ལོ་ཉེར་དགུའི་ཐོག་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་མཆོད་རྟེན་རྣམ་དག་གི་དྲུང་དུ་དཔལ་རང་བྱུང་གིས་བསྙེན་པར་རྫོགས། ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ་དཀའ་བ་སྤྱད། དགུང་ལོ་སོ་ལྔ་པའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག ཐོ་རངས་ལ་མངོན་པར་རྫོགས་པར་སངས་རྒྱས། དེ་ནས་ཞག་བདུན་གྱི་མཐར་ཆུ་སྟོད་ཟླ་བའི་ཚེས་བཞིར་ཡུལ་ཝ་རཱ་ཎ་སིར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར། རིམ་བཞིན་རྒྱལ་པོའི་ཁབ་དང་། བྱ་རྒོད་ཕུང་པོ་རི་ལ་སོགས་པར་བཀའ་བར་པ་མཚན་ཉིད་མེད་པ་དང་། བཀའ་ཐ་མ་ལེགས་པ་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བསྐོར། ཕྱི་ལོའི་སྔོན་གྱི་ ༥༤༥ པའི་མེ་འབྲུག་ལོར་མྱ་ངན་ལས་འདས།
Foreign ཟུར་ཆག
Synonyms ཐུབ་པ་ཆེན་པོ། ཐུབ་པའི་དབང་པོ། ཤཱཀྱ་མུ་ནེ། ཤཱཀྱའི་རྒྱལ་པོ། ཤཱཀྱའི་གཙོ་བོ། ཤཱཀྱའི་སྐྱེས་མཆོག ཤཱཀྱའི་ཁྱུ་མཆོག ཤཱཀྱའི་ཏོག ཤཱཀྱ་སེང་གེ། ཉོན་མོངས་འཇོམས་པ། དགེ་སྦྱོང་ཆེན་པོ། ཉི་མའི་རིགས། བུ་རམ་ཤིང་། གཽ་ཏ་མ། ཉི་མའི་རྒྱུད། ཉི་མའི་གཉེན། ཉི་མའི་གཉེན་གྱུར། ཉི་མའི་རིགས་འཁྲུངས། ཉི་མའི་རུས། བུ་རམ་ཤིང་བ། ལྷ་ཡི་ཡང་ལྷ། ཟས་གཙང་སྲས། སྒྱུ་འཕྲུལ་སྲས། ལྷས་བྱིན་གཅེན། ས་འཚོའི་བདག མི་མཇེད་སྙིང་པོ། རྡོ་རྗེ་གདན་པ། མི་མཇེད་བདག་པོ། ཚུལ་ཁྲིམས་གཏེར། ལྷ་ཡི་ལྷ། རྣམ་འདྲེན་བཞི་པ།