89011
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཇིག་རྟེན་གྱི་ཁམས་རབ་ཏུ་སྣང་བ་ཞེས་པའི་ཞིང་དེའི་སྟོན་པ་ཞིག་ཡིན། མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས། ཞིང་དེ་ནི་མི་མཇེད་འཇིག་རྟེན་འདིའི་ལྷོ་ནུབ་ཕྱོགས་སུ་གནས་ཤིང་། སྟོན་པ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་གཟི་བརྗིད་རྒྱན་ཞེས་པ་འདིས་ཐུན་མོང་རྒྱུའི་ཐེག་པ་དང་ཐུན་མིན། དེ་བཞིན་ཉིད་ཀྱིས་དོན་བསྟན་དུ། །དེ་བཞིན་ཉིད་དུ་ཀུན་གཅིག་པས། །གང་གིས་གང་ལ་གང་ཞིག་བསྟན། །ཉིད་ལ་ཉིད་གླེང་ཁོ་ནར་ཟད། །ཅེས་པའི་དགོངས་པ་རྣམ་པར་བཤད་དེ། སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཉིད་སྐལ་ལྡན་ལ་སྟོན་པས་སྒྲོན་མ་ཆེན་པོ་ཡོངས་སུ་སྣང་བ་དང་། ཞིང་དེའི་འཇིག་རྟེན་དྲུག་ཏུ་ཐུབ་པ་དྲུག་སྣང་ནས་འགྲོ་བ་དྲུག་གི་དོན་མཛད་པར་ཡང་གསུངས་སོ། ། |
| Domain | ཆོས་ལུགས། |