89012

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤཱཀྱ་ཐུབ་པ་དཀོན་མཆོག་སྤྲིན་ (1)
Part of speech མིང་ཚིག
Definition འཇིག་རྟེན་གྱི་ཁམས་ཡོན་ཏན་འབྱུང་བ་ཞེས་པའི་ཞིང་དེའི་སྟོན་པ་ཞིག་ཡིན། མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས། ཞིང་དེ་ནི་མི་མཇེད་འཇིག་རྟེན་འདིའི་ལྷོ་ཕྱོགས་སུ་གནས་ཤིང་། སྟོན་པ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དཀོན་མཆོག་སྤྲིན་ཞེས་པ་འདི་ཡིན་ལ་དེས་ཐུན་མོང་དང་ཐུན་མིན་རྒྱུ་འབྲས་ཐེག་པའི་ཆོས་སྟོན་ཞིང་འགྲོ་དྲུག་གི་དོན་མཛད་པར། གཟི་ལྡན་འཆར་ཁའི་འོད་སྣང་ལས། འཇིག་རྟེན་གྱི་ཁམས་ཡོན་ཏན་འབྱུང་བ་ཞེས་བྱ་བ་ན་སྟོན་པ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དཀོན་མཆོག་སྤྲིན་ཞེས་བྱ་བར་སྤྲུལ་ནས། ཀུན་ཏུ་སྣང་བའི་ཡེ་ཤེས་འདི། །སུས་ཀྱང་མ་བྱས་རང་བྱུང་སྟེ། །ཐམས་ཅད་འབྱུང་བའི་རྩ་བས་ན། །རང་ལས་བྱུང་བའི་དཀྱིལ་འཁོར་རྫོགས། །ཞེས་པའི་དགོངས་པ་ལྟར་བསྟན་པ་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ། གསང་སྔགས་ཀྱི་ངོ་བོ་དེ་ཉིད་རིམ་དང་ཅིག་ཆར་གྱིས་ཡོངས་སུ་སྣང་བར་བྱེད་དོ། །དེ་ཉིད་ཀྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་ཡང༌། ཐུབ་པ་ཆེན་པོ་དྲུག་གི་སྒྲོན་མ་སྣང་བས་འགྲོ་བ་དྲུག་གི་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བར་བྱེད་དོ། །ཞེས་གསུངས་སོ། །
Domain ཆོས་ལུགས།