89016

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤཱཀྱ་ཐུབ་པ་ཙན་དན་དྲི་མཆོག་དཔལ་ (1)
Part of speech མིང་ཚིག
Definition རྙིང་མ། འཇིག་རྟེན་གྱི་ཁམས་རབ་ཏུ་དང་བ་ཞེས་པའི་ཞིང་དེའི་སྟོན་པ་ཞིག་ཡིན། མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས། ཞིང་དེ་ནི་མི་མཇེད་འཇིག་རྟེན་འདིའི་ནུབ་བྱང་ཕྱོགས་སུ་གནས་ཤིང་། སྟོན་པ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཙན་དན་དྲི་མཆོག་དཔལ་ཞེས་པ་འདིས་ཐུན་མོང་རྒྱུའི་ཐེག་པ་དང་ཐུན་མིན། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལ། །དུས་གསུམ་དུས་བཞིར་མི་དམིགས་ཏེ། །ཡེ་ཤེས་རིག་པའི་ཁྱད་པར་ལས། །སྐད་ཅིག་བསྐལ་པ་དེ་གཅིག་ཚུལ། །ཞེས་པའི་དགོངས་པ་རྣམ་པར་བཤད་དེ། སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཉིད་སྐལ་ལྡན་ལ་སྟོན་པས་སྒྲོན་མ་ཆེན་པོ་ཡོངས་སུ་སྣང་བ་དང་། ཞིང་དེའི་འཇིག་རྟེན་དྲུག་ཏུ་ཐུབ་པ་དྲུག་སྣང་ནས་འགྲོ་བ་དྲུག་གི་དོན་མཛད་པར་ཡང་གསུངས་སོ། །
Domain ཆོས་ལུགས།