89019
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ༡ ཡབ་རྒྱལ་པོས་བལྟམས་པའི་ངོ་མཚར་ལས་བརྩམས་ཏེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་མཚན་ཕུལ། ༢ ཤཱཀྱ་གཏུམ་པོ་གཟུ་ལུམ་ཅན་རྣམས་ཀྱི་ནང་དུ་ཐུབ་པ་བཞིན་གནས་པས་མཚན་གཉིས་པ་ཤཱཀྱ་ཐུབ་པ་ཞེས་བཏགས། ༣ ཤཱཀྱ་རྣམས་ཀྱི་ལྷ་གནོད་སྦྱིན་ཤཱཀྱ་འཕེལ་སོགས་འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་ཞབས་ལ་ཕྱག་བྱས་པས་ཡབ་ཀྱིས་མཚན་གསུམ་པ་ལྷའི་ཡང་ལྷ་ཞེས་པ་བཏགས་སོ། ། |
| Domain | ཆོས་ལུགས། |