8902

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞའ་བ་ (1)
Part of speech མིང་ཚིག
Definition ཡིབ་པའམ་སྐུང་པའི་བྱ་བའི་མིང་སྟེ། དག་ཡིག་ལེགས་བཤད་སྐྱ་རེངས་ལས། ཡིབ་དང་གབ་དང་སྐུང་བ་དང༌། །བག་ལ་ཉལ་དང་གཞའ་བ་རྣམས། །སྦ་བའི་མིང་དུ་གྲགས་པ་ཡིན། །ཞེས་གསུངས་པ་ལྟར་རོ། །
གཞའ་བ་ (2)
Part of speech མིང་ཚིག
Definition རྨ་ཁ་སོས་དཀའ་བའམ་རྨ་ལ་ཤའུ་སོགས་མི་སྐྱེ་བར་རྨ་ཁ་ཞིག་ཅིང་ཞོམ་པར་གྱུར་པའི་དོན་ཏེ། གཞའ་ལ་ཤ་རུས་ཚ་གྲང་རྣམ་པ་བཞི་ཡོད་དོ། །
གཞའ་བ་ (1)
Part of speech རྒྱན་ཚིག
Definition མགུ་བའི་དོན་ཏེ། བརྡ་གསར་རྙིང་གི་རྣམ་དབྱེ་ལས། གཞའ་བ་ནི་མགུ་བ། ཞེས་དང་།
Example ཏུན་ཧོང་གཏེར་ཡིག་བཙན་པོ་རིམ་བྱུང་གི་ལོ་རྒྱུས་ལས། རྗེ་འིས་ནི་བཀའ་སྩལ་ན། གཞའ་བ་ནི་ཡུན་གྱི་སྲིང༌། །ཞེས་འབྱུང་བ་ལྟ་བུ།
Type བརྡ་རྙིང་།