89020
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཇིག་རྟེན་གྱི་ཁམས་གདུང་བ་སེལ་བ་ཞེས་པའི་ཞིང་དེའི་སྟོན་པ་ཞིག་ཡིན། མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས། ཞིང་དེ་ནི་མི་མཇེད་འཇིག་རྟེན་འདིའི་བྱང་ཤར་ཕྱོགས་སུ་གནས་ཤིང་། སྟོན་པ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་སྙིང་རྗེའི་རྒྱལ་པོ་ཞེས་པ་འདིས་ཐུན་མོང་རྒྱུའི་ཐེག་པ་དང་ཐུན་མིན། འཁོར་བ་མྱ་ངན་འདས་རྟག་པ། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དུ། །ཡེ་ནས་མྱ་ངན་འདས་པས་ན། །རང་བཞིན་ལྷུན་གྲུབ་ཚོགས་གཉིས་རྫོགས། །ཞེས་པའི་དགོངས་པ་རྣམ་པར་བཤད་དེ། སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཉིད་སྐལ་ལྡན་ལ་སྟོན་པས་སྒྲོན་མ་ཆེན་པོ་ཡོངས་སུ་སྣང་བ་དང་། ཞིང་དེའི་འཇིག་རྟེན་དྲུག་ཏུ་ཐུབ་པ་དྲུག་སྣང་ནས་འགྲོ་བ་དྲུག་གི་དོན་མཛད་པར་ཡང་གསུངས་སོ། ། |