89033

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤཱཀྱ་རྒྱལ་བ་ (1)
Part of speech མིང་ཚིག
Definition ཁོང་ནི་ལྷ་ནང་ཚུལ་གསུམ་གྱི་ནང་ཚན་ལྷ་པ་ཡིན། རུས་སུམ་པ་མགྲོན་རྡོག རས་དཀར་བའི་མདུན་ནས་རབ་ཏུ་བྱུང༌། གདམས་པ་ཐམས་ཅད་གསན། ལྷ་ཁང་ཆེན་མོའི་ལྟག་ཏུ་ཁང་པ་ནང་སར་བ་བྱ་བ་བྱས་ཤིང་ལྷ་ཁང་གི་བདག་རྐྱེན་མཛད་པས་མིང་ནང་སོ་གསར་པ་ཟེར་ཞིང་ནང་སར་བར་གྲགས། གདན་ས་སྐུ་འབུམ་དགོན་དུ་དངུལ་ཡིག་སྒོར་མོའི་ལས་ཀ་བླངས་ནས་རྒྱལ་ཁྲིམས་ཀྱི་ཞབས་ཏོག་མཛད། ཇོ་བོ་གཡུ་མདོང་དང་དངུལ་འབུམ་སོགས་བཞེངས། ཁོང་གི་དབོན་རྒྱུད་ལ་ནང་སར་པའི་དངུལ་ཡིག་པ་རྣམས་བྱུང་། །གདན་ས་སྐུ་འབུམ་དུ་གཤེགས། རབ་བྱུང་བཞི་པའི་ནང་ཙམ་ལ་བྱོན།