89035
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཡོངས་གྲགས་སུ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ཞུ་བ་དེ་ཡིན། རྒྱ་གར་ཤྲི་ནཱ་ལེནྡྲའི་ཁྲི་རབས་ཐ་མ་འདི་རབ་བྱུང་གཉིས་པའི་མེ་ལུག་ཕྱི་ལོ་༡༡༢༧ལོར་འཁྲུངས། རབ་བྱུང་གསུམ་པའི་ཤིང་བྱི་ཕྱི་ལོ་ ༡༢༠༤ ལོར་ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་གྱིས་གདན་དྲངས་ཏེ་བོད་དུ་བྱོན། ཆོས་རྗེ་ས་སྐྱ་པཎ་ཊི་ཏའི་མཁན་པོ་སོགས་མཛད། བོད་དུ་ལོ་བཅུའི་རིང་ལ་རྭ་སྒྲེང་དང༌། ལྷོ་བྲག་གཉལ་སྨད་སོགས་ཡུལ་ཁམས་མང་དུ་བཤད་སྒྲུབ་ཀྱི་བསྟན་པ་སྤེལ། རབ་བྱུང་བཞི་པའི་ཆུ་བྱ་ཕྱི་ལོ་༡༢༡༣ བར་བོད་དུ་བཞུགས་། དགུང་ལོ་གོ་དགུ་པའི་ཤིང་བྱ་ཕྱི་ལོ་༡༢༢༥ལོར་སྐུ་གཤེགས་སོ། ། |