891

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀླད་པའི་རྒྱ་དར་ (1)
Part of speech མིང་ཚིག
Definition ཀླད་པའི་ཕྱི་རོལ་འཐུམ་བྱེད་ཀྱི་པགས་པ་སྟེ། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། ལུས་ཀྱི་དབང་རྟེན་ཀླད་པ་ལ། །རྒྱ་ནི་དར་དཀར་དྲིལ་བ་འདྲ། །ཞེས་དང་། མན་ངག་ཡོན་ཏན་རྒྱུད་ལས། རྒྱ་དར་སྨུག་ལ་དྭངས་པ་གླ་ཧེལ་ཙམ། །རྩ་ཡི་དྲ་བས་བཏུམ་ནས་གནས་པ་ཡིན། །ཞེས་གསུངས།