89128
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཤིན་པོ་དག་ཤི་དུས་ཀྱི་བབས་སྤར་བབས་ཉེས་ལ་བརྟེན་ནས་གཞིས་དེར་སླར་ཡང་ཤི་ཆད་འབྱུང་བའི་སའམ་གནས་སྐབས་ལ་ཟེར་ཞིང་། དེ་བརྒྱད་ནི་དངོས་བསྟན་ལྔ་དང་ཤུགས་བསྟན་གསུམ་བཅས་ཡིན། གལ་སྲིད་བབས་སྤར་ལིའི་སྟེང་དུ་རང་ལོ་བྱི་ཕག་དང་། དེ་བཞིན་དུ་ཁོན་གྱི་སྟེང་དུ་སྟག་ཡོས། དྭའི་སྟེང་དུ་རྟ་སྤྲུལ། ཁམ་གྱི་སྟེང་དུ་གླང་ལུག་ཁྱི་འབྲུག ཟིན་གྱི་སྟེང་དུ་བྱ་སྤྲེལ་བཅས་རང་ལོའི་སྲོག་ཁམས་དགྲ་རུ་འགྲོ་བའི་སྤར་ཁའི་སྟེང་དུ་ཤི་ན་ལྷག་པར་དུ་ངན་པས། འདི་ལྔ་དངོས་བསྟན་གྱི་ཤི་ཁ་ཕྱེ་བའི་ས་ལྔ་དང་། དེ་མིན་མདོ་དོན་འབྱུང་བ་ལྔ་རུ་འགྱུར་ཆེད་མཁའ་རི་རླུང་ཡང་སར་བསྡུ་བས། རང་ལོ་སྟག་ཡོས་ཡིན་པ་དག་བབས་སྤར་ཁོན་གིན་ཟོན་གསུམ་གྱི་སྟེང་དུ་ཤི་ཡང་ཤི་ཁ་ཕྱེ་བས་དེ་གསུམ་ཤུགས་བསྟན་གྱི་ཤི་ཁ་ཕྱེ་བའི་ས་གསུམ་བཅས་བརྒྱད་ཡིན། |
| Domain | རྩིས་རིག |