8914

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞལ་དུ་མེད་པའི་སྦྱིན་པ་ (1)
Part of speech མིང་ཚིག
Definition སངས་རྒྱས་ཀྱིས་གསུངས་པའི་གཞལ་དུ་མེད་པའི་ཕན་ཡོན་མངའ་བའི་སྦྱིན་པ་རྣམས་ཏེ། མདོ་ལས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ལ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་གཞལ་དུ་མེད་དོ། །རྒྱུན་དུ་ཞུགས་པ་ལ་སྦྱིན་ན་དེ་བས་ཀྱང་ཆེས་གཞལ་དུ་མེད་དོ་སོགས་རྒྱས་པར་གསུངས་མོད། གཞན་འཕགས་པ་མིན་ཡང་ཕ་མ་དང་། ནད་པ་དང་ནི་ཆོས་སྨྲ་དང་། སྐྱེ་མཐའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྦྱིན་པ་བྱིན་པའི་འབྲས་བུའི་སྒོ་ནས་ཡོན་ནི་བསོད་ནམས་གཞལ་དུ་མེད་པ་ཡིན་ནོ། །ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པའི་མདོ་ལས། གཞན་ཡང་གང་ཟག་རྣམ་པ་གསུམ་ལ་སྦྱིན་པ་བཏང་ན་རྣམ་པར་སྨིན་པ་འབྲས་བུ་ཡོངས་སུ་གཏུགས་པར་མི་འགྱུར་ཏེ། དེ་བཞིན་གཤེགས་པ་དང་། ཕ་མ་དང་། ནད་པ་རྣམས་སོ་ཞེས་དེ་བཞིན་གཤེགས་པ་དང་བསོད་ནམས་མཉམ་པར་གསུངས་པའི་ཕྱིར་རོ། །
Domain ཆོས་ལུགས།