89148

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤི་ཐབས་སྒྲེན་ (1)
Part of speech མིང་ཚིག
Definition འགྲོ་བ་མི་ལ་ཡོད་པའི་སྒྲེན་ཆེན་དྲུག་གི་ནང་གསེས་ཤིག་སྟེ། སུ་ཚང་གི་ནང་མི་སྔར་ཤི་ཟིན་པ་དེ་གཟའ་ནད་ལྟ་བུས་ཤི་བ་ཡིན་ན། ཕྱིས་སུ་ཁྱིམ་དེའི་ནང་མི་ལ་གཟའ་ནད་བྱུང་དུས་ཡོད་པའི་སྒྲེན་ལ་ཟེར་བ་ཡིན། དེའི་སྒྲེན་སྐྱོན་ནི་བཙན་དང་འགྲས་ཤིང་ཁང་བར་ས་བདག་རྒྱུ་སྲང་ཡོད་པ་ཡིན། གཏོ་རིམ་ལ་གཡུང་དྲུང་བ་དཀར་གྱི་སེལ་ལུང་པ་དགུའི་མདོར་བྱ་བ་དང་། ཐོད་པ་དགུས་སྒྲེན་སྲི་གནོན་པ། ལྷ་རྟེན་འཛུགས་པ། ལྷ་དུག་དབྱུང་བ་ བཅས་བྱ་དགོས།
Domain རྩིས་རིག