8918

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞལ་བྱ་ (1)
Part of speech མིང་ཚིག
Definition གཞལ་བྱའི་མཚན་ཉིད་ནི། ཚད་མས་རྟོགས་པར་བྱ་བའོ། །འདིར་ཡང་བྱ་བའི་སྒྲ་དུས་གསུམ་ཀ་ལ་འཇུག་པས་ཚད་མ་རང་དུས་སུ་འདས་ཟིན་པ་དང་། མ་སྐྱེས་པ་དང་དུས་མཉམ་མོ། །ཚད་མ་དེའི་གཞལ་བྱ་ཡིན་ན་དེ་དེ་ལ་ཚད་མར་སོང་བས་མ་ཁྱབ་སྟེ། རྗེས་དཔག་གིས་སྤྱི་མཚན་བཞིན་ནོ། །བློ་དེའི་འཇུག་ཡུལ་དེ་ཡིན་ན། དེས་རྟོགས་པས་མ་ཁྱབ་སྟེ། རྟགས་འཛིན་གྱི་སེམས་དང་རྟགས་ཅན་བསྒྲུབ་བྱ་བཞིན་ནོ། །དབྱེ་བ་ལ། འཇུག་ཚུལ་གྱི་སྒོ་ནས་རང་སྤྱི་གཉིས། ངོ་བོའི་སྒོ་ནས་བདེན་པ་གཉིས། རྟོགས་དཀའ་སླའི་སྒོ་ནས་མངོན་ལྐོག་གཉིས་སོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྟོག་གེ་འཁྲུལ་འཇོམས་ལས་སོ། །
Domain ཚད་མ།

{{#arraymap:གཞལ་བྱ་

|; |@@@ | | }}

གཞལ་བྱ་ (2)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། གཞལ་བྱའི་མཚན་ཉིད་ཚད་མས་རྟོགས་པར་བྱ་བ། ཞེས་དང་། གཞལ་བྱ་ལ་རྟོགས་ཚུལ་གྱི་སྒོ་ནས་དབྱེ་ན། རང་མཚན་དང་སྤྱི་མཚན་གཉིས་སམ། ཡང་ན། གཞལ་བྱ་མངོན་གྱུར་ལ་སོགས་པ་གསུམ། ཞེས་གསུངས།
Synonyms ཡུལ། ཤེས་བྱ། གཞལ་བྱ།

{{#arraymap:གཞལ་བྱ་

|; |@@@ | | }}