89204

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤི་ཤིན་མང་རུམ་རྩ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། མིའི་ལུས་ཀྱི་གྲུབ་ཆར་རྩ་གཡས་དཀར་གཡོན་དམར་དབུ་མཐིང་གསུམ་གྱི་ནང་ཚན་གཡོན་གྱི་རྩ་ལ་བཤད་དོ། །དེའི་མདོག་ནི། བྱི་རུའི་མདོག་གམ་དམར་པོ། འཕྲ་སྦོམ་གྱི་ཚད་ནི། དར་སྐུད་ཙམ། གནས་ཚུལ་ནི། མར་སྣེ་ལྟེ་འོག་དང་། ཡར་སྣེ་སྣའམ་ཤངས་ཀྱི་སྒོ་རུ་ཟུགས་ཡོད་པར་གསུངས། གསང་འདུས་དོན་གྱི་རྒྱུད་ལས། རྩ་གསུམ་རི་རབ་སྲོག་ཤིང་འདྲ། །འཁོར་ལོ་རི་རབ་བང་རིམ་འདྲ། །རྩ་ལག་ཡལ་ག་ལྗོན་ཤིང་འདྲ། །སྤྱི་བོའི་གཙུག་ནས་གསང་བའི་བར། །མཉམ་པོར་འགྲོགས་ནས་གནས་པ་ལ། །གཡས་པ་དྭངས་བསྐྱེད་གསལ་བའི་རྩ། །གངས་ཀ་རི་མདོག་ཟིལ་པ་ཆགས། །གཡོན་པ་ཤི་ཤིན་མང་རུམ་རྩ། །བྱི་རུ་འོད་ཀྱི་མདོག་ཟིལ་ཆགས། །དབུ་མ་ཉེ་ལོ་ཨུད་དཔལ་རྩ། །མུ་མན་འོད་ཀྱི་མདོག་ཟིལ་ཆགས། །ཞེས་དང་། ཡང་དེ་ཉིད་ལས། གཡས་དཀར་གཡོན་དམར་དབུ་མཐིང་གསུམ། །མདོག་ནི་གང་གིས་མཚོན་པ་ལ། །གནས་པ་དར་སྐུད་ཙམ་དུ་གནས། །བསྐྱེད་པ་མདའ་སྨྱུག་ཙམ་དུ་བསྐྱེད། །མར་སྣེ་ལྟེ་འོག་ཉེར་ཆེན་དུ། །ཡི་གེ་ཆ་ཡི་སྒྲོས་སམ་འདོགས། །ཡར་སྣེ་མགྲིན་པའི་གསང་ལམ་ནས། །གཡས་གཡོན་མདུན་རྒྱབ་གཉིས་ལ་འཁྲིལ། །ལྒྱུམ་རི་ཤངས་ཀྱི་སྒོ་རུ་ཟུགས། །དབུ་མ་ཚངས་པའི་བུ་ག་རུ། །འདབ་བརྒྱད་མེ་ཏོག་ཁ་བྱེའི་ཚུལ། །ཞེས་གསུངས་པས་སོ། །
Domain ཆོས་ལུགས།