8922
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། ༡ གཞལ་བྱ་མངོན་གསུམ་གྱི་དོན། ད་ལྟར་བྱུང་བའི་དུས་དང་། སྐད་ཅིག་མ་གཅིག་དང་། རང་གི་མཚན་ཉིད་ཀྱིས་བསྡུས་པ་ཡུལ་དང་དུས་དང་། རང་བཞིན་གྱིས་མ་བསྐལ་བའི་ཡུལ་ལོ། ། ༢ ལྐོག་ཏུ་གྱུུར་པའི་དོན་ནི། འདས་པ་དང་། མ་འོངས་པའི་དུས་དང་། སྐད་ཅིག་མ་སྔ་ཕྱིའི་རྒྱུན་དང་། སྤྱིའི་མཚན་ཉིད་ཀྱི་ཡུལ་དང་། དུས་དང་རང་བཞིན་གྱིས་བསྐལ་བའི་ཡུལ་ལོ། ། ༣ ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ནི། དུས་གསུམ་དང་། སྐད་ཅིག་མའི་རྒྱུད་ཀྱི་རྒྱུན་དང་། རང་དང་སྤྱིའི་ཉིད་ཀྱིས་བསྡུས་པ་ཡུལ་དང་། དུས་དང་རང་བཞིན་གྱིས་བསྐལ་བ་དང་། མ་བསྐལ་བ་གཉིས་ཀའི་ཡུལ་རྟོག་གེའི་སྤྱོད་ཡུལ་མ་ཡིན་པའོ། ། |
| Domain | ཚད་མ། |