89226

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤིག་ (1)
Part of speech མིང་ཚིག
Definition མི་དང་སེམས་ཅན་གྱི་ཁྲག་འཇིབ་པའི་འབུ་སྲིན་ཆུང་ཆུང་ཞིག
Keyword True
Example ཤིག་དང་སྲོ་མ། ལུས་ལ་ཤིག་རྡུབ་ལྟ་བུ།
ཤིག་ (1)
Part of speech གྲོགས་ཚིག
Definition སྐུལ་ཚིག་གི་རྗེས་སུ་སྦྱར་རྒྱུའི་གྲོགས་ཚིག་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ས་ཡིག་གི་རྗེས་སུ་སྦྱར་དགོས།
Example སྒྲུབས་ཤིག ཕྱུངས་ཤིག ཡི་གེ་ཕྲིས་ཤིག་ལྟ་བུ།
ཤིག་ (2)
Part of speech གྲོགས་ཚིག
Definition མིང་ཚིག་འགའ་ཞིག་གི་མཐར་སྦྱར་ན་གྲངས་ཀ་གཅིག་སྟོན་བྱེད་ཀྱི་ཚིག་གྲོགས་ཤིག་སྟེ།
Example རས་ཤིག་ཉོས། གོས་ཤིག་གྱོན། རྐུང་སྟེགས་ཤིག་གི་སྟེང་དུ་བཞུགས་ལྟ་བུ།
ཤིག་ (1)
Part of speech འཇལ་ཚིག
Definition རིང་ཐུང་འཇལ་བྱེད་ཀྱི་ཚད་གཞི་ཞིག་སྟེ། ཆེ་ཆུང་ལ་སྲོ་མ་བདུན་གྱི་ཚད།
ཤིག་ (1)
Part of speech བྱ་ཚིག
Definition མར་འདོན་པའི་ཆེད་འོ་མ་དཀྲུགས་པའི་དོན།
Transitive བྱ་བྱེད་ཐ་དད་པ།
Future [བཤིག, ཉིན་གུང་འོ་མ་བཤིག་དགོས།]
Present [ཤིག, འོ་མ་ཤིག་མཁན་གྱི་བུད་མེད།]
Past [བཤིགས།, འོ་མ་བཤིགས་ནས་མར་བཏོན།]
Imperative [ཤིགས།, འོ་མ་གང་མགྱོགས་ཤིགས་ལྟ་བུ།]
ཤིག་ (2)
Part of speech བྱ་ཚིག
Definition འཇིག་གི་སྐུལ་ཚིག
Future [གཞིག]
Present [འཇིག]
Past [བཤིག]
Imperative [ཤིག]