89236

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤིང་ (1)
Part of speech མིང་ཚིག
Definition རྩི་ཏོག་རིགས་ཀྱི་ནས་ནས་ཡལ་ག་དང་ལོ་འདབ་ཅན་གྱི་རིགས།
Keyword True
Example ཤིང་སྡོང་། ལྗོན་ཤིང་། ཤིང་ནགས། ཤིང་ལོ། ཤིང་ཤུན་ལྟ་བུ། འབྱུང་ཁམས་ལྔའི་ཡ་གྱལ་ཞིག
ཤིང་ (2)
Part of speech མིང་ཚིག
Definition དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ཞེས་བྱ་བ་རྣལ་འབྱོར་མ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོའི་མངའ་བདག་གི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ང་པར་བཞུགས།
ཤིང་ (1)
Part of speech བྱ་ཚིག
Definition གཟུགས་མི་འགྱུར། ལུས་ཀྱི་ཡན་ལག་སོགས་རང་བཞིན་གྱིས་རེངས་པར་གྱུར་པའི་དོན།
Example རྐང་པ་སྦྲིད་ནས་ཤིང་སོང་། ལག་པ་ཤིང་ནས་འགུལ་ཐུབ་ཀྱི་མི་འདུག་ཅེས་པ་ལྟ་བུ།
Transitive བྱ་བྱེད་ཐ་མི་དད་པ།
ཤིང་ (1)
Part of speech ཕྲད་ཚིག
Definition མཉམ་སྦྱོར་རམ་མཚམས་སྦྱོར་ལ་འཇུག་པ། བྱ་བ་དང་ཁྱད་ཆོས་བརྗོད་པའི་མིང་དང་། ཚིག་སྔ་ཕྱིའི་བར་མཚམས་སྦྱར་ཏེ། བསྟན་དོན་དོ་མཉམ་པ་དག་མཉམ་དུ་སྦྱོར་བར་བྱེད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་སའི་རྗེས་སུ་སྦྱོར་བ་ཡིན།
Keyword True
Example མདའ་འཕངས་ཤིང་ཕོག མི་མང་འདུས་ཤིང་འཕེལ་ཏེ་ལྟ་བུ།