89237
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་མང་སྐྱེ་བའི་ལྡུམ་བུ་ཐང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། ཤིང་སྣའི་ཚིལ་ཀུན་གྱི་ནང་ནས་འདི་ཉིད་དྲི་ཆེ་བས་མིང་དེ་ལྟར་བཏགས་པ་ཡིན་ཞིང༌། སྡོང་པོ་ལྗང་སེར་ཅུང་ཟད་སྦོམ་ལ་འདྲོང་བ་ཁོང་སྟོང་ཡིན་པའི་སྟོད་ཆ་ནས་ཡལ་ག་གྱེས་པ། ལོ་མ་སྔོ་ལྗང་སིབ་པ་སྒྲོ་དབྱིབས་མང་ལོ་རེ་རེས་མོས་སུ་སྐྱེ་བ་དང༌། མེ་ཏོག་དཀར་པོ་གདུགས་དབྱིབས་ཅན་ཡལ་གའི་རྩེར་འཆར་ཞིང༌། འབྲས་བུ་ཆུང་ལ་ཞིབ་པ་མང་པོ་ཡོད་པ། སྤྱིའི་སྐྱེ་དབྱིབས་རྩད་རྒོད་དང་འདྲ་བ་ལ། རྩ་བ་སྦོམ་ལ་རིང་ཞིང་རྩ་སྡོང་འབྲེལ་མཚམས་སུ་ཤུན་པ་སྤུ་སོབ་ཀྱིས་གཡོགས་པ། གསར་སྐྱེས་ལོ་བཞིའི་རིང་ལ་ལོ་མ་རྐྱང་རྐྱང་སྐྱེ་བ་དང༌། ལོ་ལྔ་པར་གཞི་ནས་སྡོང་པོ་དང༌། མེ་འབྲས་སྐྱེ་བ་ཡིན། སྨན་དུ་དགོས་པ་ནི། ལྡུམ་བུ་དེའི་རྩ་བའི་འོ་མའམ་ཐང་ཆུ་སྟེ། ཆེ་ཆུང་མ་ངེས་པར་རྡོག་པོ་མདོག་སེར་སྐྱ་དང༌། ཁམ་ནག སེར་སྨུག་ཅི་རིགས་ལ་སྒོག་པའི་དྲི་ངད་ལྡང་བ། དེ་ལེན་ཐབས་ནི་དཔྱིད་དུས་ཁ་འབུས་ཏེ་མེ་ཏོག་མ་ཤར་བའི་སྔོན་ནས་མཐའ་སྐོར་གྱི་ས་བརྐོས་ནས་རྩ་བ་མངོན་པ་དང༌། རྩ་སྡོང་འབྲེལ་མཚམས་ནས་བཅད་པས་བཅད་ཁ་ནས་འོ་མ་འབབ་རྒྱུ་ཡོད། དེའི་སྟེང་དུ་ཤིང་ལོ་བཀབ་ནས་ཉིན་བཅུ་ཙམ་བཞག་ན་འོ་མ་རྡོག་པོར་འགྱུར་བ་དེ་ཤིང་ཀུན་ཡིན་པས་དེ་ལེན་ལ་སླར་ཡང་དེའི་འོག་ནས་དུམ་བུ་ཆུང་ཆུང་རེ་བཅད་ནས་སྔར་བཞིན་ཉིན་བཅུ་རེར་ཐེངས་རེ་ལེན་པ་སོགས་ཟླ་བ་གསུམ་རིང་ལེན་རྒྱུ་ཡོད་པས་རིམ་བཞིན་བསགས་ལ་དྲི་མི་འཆོར་བར་བསིལ་སྐམ་བྱ་དགོས་ཏེ། ཨེ་རན་དང་། ཨབ་གྷ་ནི་སི་ཐན། ཨུ་རུ་སུ། ལི་ཡུལ་སོགས་ཀྱི་བྱེ་གླིང་དང༌། ཐང་རྒོད་སོགས་སུ་སྐྱེ་བ། དཔྱིད་ཁ་འབུས་དུས་ཚི་བ་ལེན་ནས་གཙང་མ་བཟོས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་ཡང་ཞིང་དྲོ་ལ་སྣུམ་པས་སྲིན་ནད་འཇོམས་ཤིང་གྲང་བའི་ནད་རིགས་དང༌། སྙིང་རླུང་སེལ་བ། དྲོད་སྐྱེད་ཅིང་ཟས་འཇུ་ལ་བད་ཀན་སེལ་ཞིང་བསྟེན་དྲགས་ན་དྲོད་ཆེ་བས་མཁྲིས་པ་སྐྱེད་པར་བྱེད་པ་ཡིན་ནོ། ། |