8924

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞལ་བྱའི་གནས་དང་པོ་གཉིས་སྟོན་པའི་སངས་རྒྱས་ཀྱི་གསུང་ (1)
Part of speech མིང་ཚིག
Definition སོ་སྐྱེ་ཡི་མངོན་སུམ་དང་། དངོས་སྟོབས་རྗེས་དཔག་གཉིས་ཀྱི་གཞལ་བྱའི་གནས་དང་པོ་མངོན་གྱུར་དང། ཅུང་ཟད་ལྐོག་གྱུར་གཉིས་སྟོན་པའི་སངས་རྒྱས་ཀྱི་གསུང། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། གཞལ་བྱའི་གནས་དང་པོ་གཉིས་སྟོན་པའི་སངས་རྒྱས་ཀྱི་གསུང་དང། སངས་རྒྱས་ཀྱི་གསུང་དུ་མཚུངས་པ་དེ། ཤིན་ཏུ་ལྐོག་གྱུར་སྟོན་པའི་སངས་རྒྱས་ཀྱི་གསུང་རང་གི་བསྟན་བྱའི་དོན་ལ་མི་སླུ་བར་སྒྲུབ་པའི་རྟགས་ཡང་དག་ཏུ་བསྟན་པའི་ཕྱིར་དུ། སློབ་དཔོན་ཕྱོགས་གླང་གི་ལུང་དེ་གསུངས་ཀྱི། ཞེས་གསུངས།
Domain ཚད་མ།