89267

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤིང་ངན་པ་བརྒྱད་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་ལས་བྱུང་བ་སྟེ། ཤར་གྱི་ཤིང་ཁང་པར་ཕྲད་ན་ངན། ནུབ་ཀྱི་ཤིང་རྐང་གཅིག་ངན། གཞན་ཡང་ཤིང་རྐང་གཅིག་གང་དུ་སྐྱེས་ཀྱང་ངན། ཤུག་པ་མང་གསེབ་ཤིང་གཞན་པ་གཅིག་བྱུང་བ་ངན། ཤིང་ནག་པོ་ལོ་མ་མེད་པ། ཁང་པའི་གཉའ་བར་དུག་ཤིང་སྐྱེས་པ། ཁམས་ལྔའི་གྲོགས་ཐོག་དུག་ཤིང་སྐྱེས་པ་ཀྱོག་མོ་མགོ་འཛིང་དང༌། མགོ་ཟླུམ་དང༌། དུག་ཤིང་སྐམ་པ་ལྦ་བ་ཅན། མགུལ་བ་དང་མགུལ་ཉལ་དང་རྩ་རུལ་ཕྱེད་སྐམ་དང་གྲུམ་སྐམ་དང་ཚེར་མ་ཅན་དང་རོ་བ་ཆག་པོ་སྲིན་རྗེས་ཅན་སོགས་སུ་ཁང་དུར་གང་ལ་བྱུང་བ་ངན་པའོ། །
Domain ཆོས་ལུགས།