8930

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞལ་མེད་ཁང་ (1)
Part of speech མིང་ཚིག
Definition རྒྱུ་ཆའི་རིན་ཐང་དང་རྒྱ་ཁྱོན་གྱི་ཚད་སོགས་གཞལ་དུ་མེད་པའམ་འཇལ་མི་ནུས་པའི་ལྷའི་ཁང་བཟང་གི་མིང་།
གཞལ་མེད་ཁང་ (2)
Part of speech མིང་ཚིག
Definition རིའི་དབང་པོ་རི་རབ་ཀྱི་མིང་སྟེ། རི་རབ་ཀྱི་སྟེང་ན་སུམ་ཅུ་རྩ་གསུམ་པའི་ལྷའི་གནས་ཡོད་ཅིང་། འདིའི་དབུས་ན་བརྒྱ་བྱིན་གྱི་ཕོ་བྲང་རྣམ་པར་རྒྱལ་བའི་ཁང་བཟང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཡོད་པའི་ཕྱིར་དེ་ལྟར་བཏགས།
Type མངོན་བརྗོད།
གཞལ་མེད་ཁང་ (3)
Part of speech མིང་ཚིག
Definition མངོན་པ་མཛོད་ནས་བཤད་པའི་རི་རབ་ལྷུན་པའི་རྩེ་མོར་ལྷ་གནས་སུམ་ཅུ་རྩ་གསུམ་དེའི་སྟེང་དུ་ནམ་མཁར་ཡོད་པའི་ལྷའི་གནས་རྣམས་ཏེ། སུམ་ཅུ་རྩ་གསུམ་དེའི་སྟེང་ན་ནི་འཐབ་བྲལ་ནས་འོག་མིན་གྱི་བར་ལྷ་རྣམས་ཀྱི་གཞལ་མེད་ཁང་རྣམས་སྤྲིན་གྱི་ཕུང་པོ་ལྟར་གོང་ནས་གོང་དུ་བརྩེགས་ནས་གནས་པ་རྣམས་སོ། །
Domain ཆོས་ལུགས།