8933

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞལ་མེད་ཁང་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། འདི་ལྟར་ཉམས་པ་མེད་པས་བྱང་ཆུབ་ཀྱི་སེམས་ཀྱི་གཞལ་མེད་ཁང་། འདོད་པའི་ཁམས་ཀྱི་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱེད་པས། དགེ་བ་བཅུའི་ལས་ཀྱི་ལམ་དང་། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཀྱི་གཞལ་མེད་ཁང་། གཟུགས་ཀྱི་ཁམས་ཀྱི་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱེད་པས། ཚངས་པའི་གནས་བཞི་ལ་བསམ་གཏན་འཆའ་བའི་གཞལ་མེད་ཁང་། ཉོན་མོངས་པའི་དངོས་པོ་ཐམས་ཅད་ཀྱིས་མི་གོས་པས། གནས་གཙང་མའི་ལྷའི་གནས་སུ་སྐྱེ་བའི་གཞལ་མེད་ཁང་། སེམས་ཅན་མི་ཁོམ་པ་ཐོབ་པ་ལས་རྣམ་པ་བཟློག་པས། གཟུགས་མེད་པའི་ལྷའི་རྒྱུད་ཀྱི་གཞལ་མེད་ཁང་། ཉོན་མོངས་པ་ཐམས་ཅད་ལས་སེམས་ཅན་གྱེན་དུ་བསྐྱོད་པས། ཀུན་ནས་ཉོན་མོངས་པའི་འཇིག་རྟེན་གྱི་ཁམས་སུ་ཆེད་དུ་བསམས་ཏེ་སྐྱེ་བ་འཛིན་པའི་གཞལ་མེད་ཁང་། སྔོན་ལྷན་ཅིག་སྤྱོད་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་སླས་དང། བུ་དང་། བུ་མོ་དང་། ཆུང་མ་ཀུན་ཏུ་སྟོན་པའི་གཞལ་མེད་ཁང་། སེམས་ཅན་དབང་ཕྱུག་ལ་ཆགས་པ་རྣམ་པར་བཟློག་པས། གླིང་བཞི་དང་། འཛམ་བུའི་གླིང་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་གྱི་མགོན་པོའི་དབང་ཕྱུག་ལ་དབང་བྱེད་པའི་གཞལ་མེད་ཁང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པས་ཤིན་ཏུ་རྣམ་པར་རྩེ་བ་ཤེས་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་གནས་པའི་དབང་ཕྱུག་ལ་དབང་བསྒྱུར་བས་རྣམ་པར་རྩེ་བའི་མངོན་པར་ཤེས་པའི་གཞལ་མེད་ཁང་། དེ་བཞིན་གཤེགས་པའི་སྟབས་བཅུའི་རྒྱན་ལ་གནས་པས། ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱལ་སྲིད་དང་། དབང་ཕྱུག་བླ་ན་མེད་པ་ལ་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་གྱི་དབང་བསྐུར་བ་ཡང་དག་པར་བླང་ཞིང་། ཆོས་ཐམས་ཅད་དབང་བསྒྱུར་བའི་རྒྱལ་སྲིད་གཟུང་བའི་གཞལ་མེད་ཁང་ངོ་། །
Domain ཆོས་ལུགས།