89363

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤིང་ཤུན་གོས་ཀྱི་ཕན་ཡོན་བཅུ་གཉིས་ (1)
Part of speech མིང་ཚིག
Definition སྐྱེས་རབས་ཀྱི་གླེང་གཞི་ལས་བྱུང་བ་སྟེ། ༡ རིན་ཆུང་བ་དང་། བལྟ་ན་མཛེས་པ་དང་། རུང་བ། ༢ རང་གི་ལག་གིས་བྱ་བར་ནུས་པ། ༣ ལོངས་སྤྱོད་པ་ནི་དྲི་མ་ཅན་དུ་གྱུར་ཀྱང་མྱུར་དུ་བཀྲུ་བར་ནུས་པ། ༤ ལོངས་སྤྱོད་པ་ན་རྙིང་པར་གྱུར་ཀྱང་བཙེམ་པར་ནུས་པ། ༥ སླར་ཡང་ཚོལ་བ་ན་བདེ་བར་བྱེད་ནུས་པ། ༦ དཀའ་ཐུབ་པའི་རབ་ཏུ་འབྱུང་བ་ལ་རིགས་པ། ༧ ཆོམ་རྐུན་པ་ལ་མི་མཁོ་བ། ༨ གྱོན་པ་ན་དཀའ་ཐུབ་པའི་རྒྱན་དུ་འགྱུར་བ། ༩ གྱོན་པ་ན་ཡང་བར་འགྱུར་བ། ༡༠ ཆོས་གོས་སོ་སོ་ལ་འདོད་པ་ཆུང་བ། ༡༡ སློང་བ་ན་ཆོས་པ་ལ་ཁ་ན་མ་ཐོ་བ་མེད་པ། ༡༢ ཤིང་ཤུན་གྱི་གོས་སྟོར་ན་ཡང་ལྟོས་པ་མེད་པ་བཅས་སོ། །
Domain ཆོས་ལུགས།