89390
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གནམ་སྒོ་བཅུའི་ནང་གསེས་ཤིག་སྟེ། དགུ་གསུམ་ཞེས་པ་ཟླ་བ་སོ་སོའི་ཚེས་དགུ་དང་། བཅུ་དགུ། ཉེར་དགུ་བཅས་ལ་ཟེར་ཞིང་། ཚེས་དེ་དག་ཏུ་ཤིད་སྟོན་བྱས་ན་འཕྲལ་དུ་གཤིན་ལས་འབབ་པས་སྤང་དགོས། གནམ་སྒོ་འདིའི་སྒྲིབ་བཅོས་ལ་བཻ་དཀར་ལས་༼ཤིད་སྒོ་སྒྲིབ་ན་ཝ་ཐོད་ལ། །སྲིད་མོ་ནག་མོའི་གཟུགས་བསྐྱོན་ལ། །ལྷ་མོ་ནག་མོའི་གཟུགས་ཀྱང་འདོན། །དུར་སེལ་མཚུན་སེལ་གྲོང་ལ་གྱིས། །འཁོར་ལོ་དགུ་བརྩེགས་གཟུངས་ཀྱང་འཛིན། །ས་ཡི་སྙིང་པོའི་ཡང་སྙིང་བཟླ། །བྷེ་བྷེ་སརྦ་ཨ་ཁ་ཛཿཧཱ། །ར་ག་ཛ་ཡ་མ་ཏི་སྭཱ་ཧཱ། །༽ཞེས་གསུངས་འདུག |
| Domain | རྩིས་རིག |