89398
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཤིན་པོ་དག་གི་ལོ་རྟགས་བྱི་བ་སོགས་ལོ་འགྲོས་བཅུ་གཉིས་ལས་གང་ཡིན་ན། དེ་གཉིས་སའི་ཕྱོགས་ལ་གཤིན་གྱི་སྒོ་ཕྱོགས་ཞེས་ཟེར་ཞིང་། གཤིན་པོ་རྣམས་ཀྱི་ཕུང་པོ་སོ་སོའི་སྒོ་ཕྱོགས་དེར་འདྲེན་མི་རུང་བ་ཡིན། དེ་མིན་གཤིན་གྱི་གཤེད་ཕྱོགས་ཅེས་པ་གཤིན་ལོ་བྱ་སྤྲེལ་ཡིན་ན་ལྷོ་ཕྱོགས་ལྟ་བུ་སྲོག་གི་དགྲ་ཐོག་ལ་ཕུང་པོ་དྲངས་ནས་གྲོགས་ལོ་ཏེ་གསོན་པོ་སྟག་ཡོས་ཡོད་ན་ངན་པས་སྤང་དགོས་ལ། ཤར་ཕྱོགས་ལྟ་བུ་སྲོག་གི་གྲོགས་ཐོག་དང་། སྟག་རོ་ནུབ་སྟོད་སྤྲེལ་ཐོག་ལྟ་བུ་གཤིན་ལོའི་བདུན་ཟུར་གྱི་ཕྱོགས་སུ་ཡང་སྤང་དགོས་པ་ཡིན། གལ་སྲིད་ཕྱོགས་ཐམས་ཅད་ངན་ནས་འགགས་ན། སྟག་རོ་ནུབ་སྨད་བྱ་ཐོག་ལྟ་བུ་བདུན་ཟུར་དངོས་མིན་པའི་གཤིན་གྱི་གཤེད་ཕྱོགས་དང་། ཤར་སྨད་ཡོས་ཐོག་ལྟ་བུ་རང་ཐོག་ཏུ་དྲངས་ཀྱང་བཏུམ་ཙམ་ཡིན། གཞན་ཡང་གཤིན་ལོ་གླང་ཡིན་པར་ཆ་བཞག་ན། ལོ་དཀར་ཆེ་བ་སྟག་གི་གནས་ཕྱོགས་བྱང་སྨད་དང་། ལོ་དཀར་ཆུང་བ་སྤྲེལ་གྱི་གནས་ཕྱོགས་ལྷོ་སྟོད། སྲོག་གི་དུར་ཞུགས་ལོ་འབྲུག་གི་གནས་ཕྱོགས་ཤར་ལྷོའི་མཚམས། ཀླུང་ལམ་ཞེས་པ་ཀླུང་ལྷ་ཕག་གི་གནས་ཕྱོགས་བྱང་སྨད་བཅས་ཀྱང་གཤིན་ཕུང་འདྲེན་མི་རུང་བའི་ཕྱོགས་ཡིན། གལ་སྲིད་ངན་པའི་ཕྱོགས་དེར་གཤིན་ཕུང་དྲངས་པ་ཡིན་ན་ཕོ་ལོའི་སྟེང་ཡིན་ན་ཕོ་དང་། མོ་ལོའི་སྟེང་ཡིན་ན་མོ་ལ་ངན་པར་བཤད་ཅིང་། ནག་རྩིས་བརྗེད་བྱང་དུ་གཤིན་ལོ་སྟག་ཡིན་ན་སྦྲུལ་ཕག་ལྟ་བུ་ལོ་སྐར་ཆེ་ཆུང་གནས་པའི་ཕྱོགས་གཉིས་ཀྱང་གཤིན་ཕུང་འདྲེན་མི་རུང་བའི་ཕྱོགས་ལ་བརྩིས་འདུག |
| Domain | རྩིས་རིག |