89416

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤིན་ཏུ་དཀར་བའི་ཏིང་ངེ་འཛིན་གྱི་ཆོས་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་བྱུུང་བ་སྟེ། བསམ་པ་དང་ལྷག་པའི་བསམ་པ་ཡོངས་སུ་དག་པས་འཇུག་པའི་སྤྱོད་པ་ཤིན་ཏུ་དཀར་བ་ཡིན། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་དག་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཤིན་ཏུ་དཀར་བ་ཡིན། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་དག་པས་དཀར་པོ་རྣམ་པར་མཐོང་བའི་སྤྱོད་པ་ཤིན་ཏུ་རྣམ་པར་དག་པ་ཡིན། གཏན་པ་མེད་པའི་མཆོད་སྦྱིན་བྱེད་པ་ཡོངས་སུ་དག་པའི་མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་བྱེད་པའི་སྤྱོད་པ་ཤིན་ཏུ་དཀར་བ་ཡིན། ཇི་ལྟར་ཐོས་པའི་ཆོས་སྒྲུབ་ཅིང་གཞན་ཡང་གོ་བར་བྱེད་པ་ལ་མཁས་པ་ཡོངས་སུ་དག་པས་གཟུགས་དང་སྤོབས་པ་རབ་ཏུ་ཐོབ་པའི་སྤྱོད་པ་ཤིན་ཏུ་དཀར་བ་ཡིན། འཁྲུལ་པ་དང་། སྒྲིབ་པ་དང་། ཆོད་པ་དང་། ཀུན་ནས་ལྡང་བ་ཐམས་ཅད་དང་བྲལ་བ་ཡོངས་སུ་དག་པས་དྲན་པ་དང་། ཏིང་ངེ་འཛིན་དང་། གཡེང་བ་མེད་པའི་ཤེས་པ་ཤིན་ཏུ་དཀར་བ་ཡིན། བག་ཡོད་པ་ཡོངས་སུ་དག་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཤེས་པ་ཤིན་ཏུ་དཀར་བ་ཡིན། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་ཡོངས་སུ་དག་པ་ཞི་གནས་དང་། ལྷག་མཐོང་ཤེས་པ་ཤིན་ཏུ་དཀར་བ་ཡིན། ཕྱོགས་དང་། མི་མཐུན་པའི་ཕྱོགས་དང་། རྒྱུན་ཆད་པ་དང་། ཆགས་པ་ལས་ཤིན་ཏུ་འདས་པ་ཡོངས་སུ་དག་པས་ས་བཅུ་གནོན་པའི་ཡེ་ཤེས་ཤིན་ཏུ་དཀར་བ་ཡིན། མི་དགེ་བའི་ཆོས་ཐམས་ཅད་སྤང་བའི་ཕྱིར་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་དག་པས་བྱང་ཆུབ་སྙིང་པོའི་རྒྱན་གྱི་ཡེ་ཤེས་ཤིན་ཏུ་དཀར་བའོ། །
Domain ཆོས་ལུགས།