89423

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤིན་ཏུ་ཕྲ་བའི་རྒྱུད་སྟོན་པ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་མངལ་ན་ཡང་གནས་ལ་ཐོག་མ་སེམས་བསྐྱེད་པ་ཉེ་བར་བཟུང་བ་ནས་དབང་བསྐུར་བའི་བར་དུ་ཡང་ཡོངས་སུ་སྟོན་པ། མའི་མངལ་ན་ཡང་གནས་ལ་དགའ་ལྡན་ན་གནས་པ་ཡང་ཡོངས་སུ་སྟོན་པ། མའི་མངལ་ན་ཡང་གནས་ལ་སྐྱེ་བ་ཡང་ཡོངས་སུ་སྟོན་པ། མའི་མངལ་ན་ཡང་གནས་ལ་གཞོན་ནུའི་ས་ཡང་ཡོངས་སུ་སྟོན་པ། མའི་མངལ་ན་ཡང་གནས་ལ་བཙུན་མོའི་འཁོར་གྱི་ནང་ན་འདུག་པར་ཡང་ཡོངས་སུ་སྟོན་པ། མའི་མངལ་ན་ཡང་གནས་ལ་མངོན་པར་འབྱུང་བ་ཡང་ཡོངས་སུ་སྟོན་པ། མའི་མངལ་ན་ཡང་གནས་ལ་དཀའ་བ་སྤྱོད་པར་སྦྱོར་བ་དང་། སྙིང་པོ་བྱང་ཆུབ་ཏུ་འགྲོ་བ་ནས་རྣམ་པར་འཚང་རྒྱ་བའི་བར་དུ་ཡང་ཡོངས་སུ་སྟོན་པ། མའི་མངལ་ན་ཡང་གནས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ཡོངས་སུ་སྟོན་པ། མའི་མངལ་ན་ཡང་གནས་ལ་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་ཡོངས་སུ་སྟོན་པ། མའི་མངལ་ན་ཡང་གནས་ལ་ཤིན་ཏུ་ཕྲ་ལ་རྒྱ་ཆེ་བར་འཇུག་པའི་ཚུལ་གྱིས་མངལ་གྱི་གནས་དེ་ཉིད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པའི་བྱིན་གྱིས་རླབས་ཀྱི་རྣམ་པ་དང་། སྒོ་ཡང་ཡོངས་སུ་སྟོན་པའོ། །
Domain ཆོས་ལུགས།