8943

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞལ་ཡས་ཁང་ཕྱི་མའི་ལྷ་བྱང་སེམས་བཅུ་དྲུག་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། གཞལ་ཡས་ཁང་ཕྱི་མའི་ལྷ་རྣམས་ཀྱི་དང་པོ་ལ། ཕྱོགས་བཞིར་ཟླ་བའི་དཀྱིལ་འཁོར་བཞི་བཞི་གནས་པ་རྣམས་ཀྱི་སྟེང་དུ། རྩ་བའི་རིག་པ་སྦྲུལ་འཁྱིལ་པ་ལྟ་བུ་བཅུ་དྲུག་ཡོངས་སུ་གྱུར་པ་ལས་ཤར་དུ་བྱང་ཆུབ་སེམས་དཔའ་བྱམས་པ། མཐོང་བ་དོན་ཡོད། ངན་སོང་ཀུན་འདྲེན། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་བཞི་སྐུ་མདོག་སྔོན་པོ། ལྷོར་སྤོས་ཀྱི་གླང་པོ། དཔའ་བོར་འགྲོ་བ། ནམ་མཁའ་མཛོད། ཡེ་ཤེས་ཏོག་བཞི་སེར་པོ། ནུབ་ཏུ་འོད་དཔག་མེད། ཟླ་འོད། བཟང་སྐྱོང་། དྲྭ་བ་ཅན་གྱི་འོད་བཞི་དམར་པོ། བྱང་དུ་རྡོ་རྗེ་སྙིང་པོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ། ཀུན་ཏུ་བཟང་པོ་བཞི་ལྗང་གུ ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་ཐུགས་ཀ་དང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཞི་ཞིང་སྒེག་པའི་ཉམས་ཅན། རིན་པོ་ཆེའི་རྒྱན་དང་། དར་གྱི་ཤམ་ཐབས་ཀྱིས་མཛེས་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ་ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་ཀུན་རིག་གི་ཆོ་ག་གཞན་ཕན་ལྷུན་གྲུབ་ལས་སོ། །
Domain ཆོས་ལུགས།