89430
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཙང་མའི་གནས་ལྔའི་ཡ་གྱལ་ཞིག བསམ་གཏན་བཞི་པའི་གནས་རིས་བདུན་པའི་ལྷ་རྣམས་ཏེ། གནས་དེར་སྐྱེས་པའི་ལྷ་ནི་ལྟ་བ་རྣམ་པར་དག་པས་ཆོས་ཀྱི་མཆོག་མཐོང་ཕྱིར་ཤིན་ཏུ་མཐོང་བ་ཞེས་བྱའོ། །ཡང་ན་དེར་སྐྱེས་པ་རྣམས་ཟག་པ་དང་བཅས་པ་དང། ཟག་པ་མེད་པའི་ཏིང་ངེ་འཛིན་སྤེལ་མར་བསྒོམས་པའི་སྒྲིབ་པ་ལྷག་མ་ཅུང་ཟད་ཅིག་ལུས་སུ་ཟད་དེ། མཐོང་བ་ཤིན་ཏུ་རྣམ་པར་དག་ཅིང་མཐོང་བས་ན་ཤིན་ཏུ་མཐོང་བ་ཞེས་བྱའོ། །དེ་དག་གི་ལུས་ཀྱི་ཚད་ནི་དཔག་ཚད་བརྒྱད་སྟོང་ངོ་། །དེའི་གནས་ལ་ཉིན་མཚན་མེད་པས་དེའི་ཚེ་ཚད་ནི་རང་གི་ལུས་ཀྱི་ཚད་གཞལ་བའི་དཔག་ཚད་ཀྱི་གྲངས་ཀྱི་ཚད་ཀྱི་བསྐལ་པ་ཡིས་མཇལ་བ་ཡིན་ཏེ། འདི་ལྟར་ཚེ་ཚད་ནི་བསྐལ་པ་བརྒྱད་སྟོང་ངོ་། ། |
| Domain | ཆོས་ལུགས། |