From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཤིན་ཏུ་མོ་ (1)
| Part of speech
|
མིང་ཚིག
|
| Definition
|
གསལ་བྱེད་སུམ་ཅུ་བོ་རྣམས་སྒྲ་གདངས་ཀྱི་བྱེད་རྩོལ་ཤུགས་ཆེ་ཆུང་དབང་གིས་སྡེ་ཚན་ལྔ་རུ་དྲིལ་སྐབས། ང་ཉ་ན་མ་བཅས་ལ་ཤིན་ཏུ་མོ་ཟེར། ཡི་གེ་དེ་རྣམས་སོ་སོར་ངག་ནས་བརྗོད་པའི་ཚེ་སོ་སོའི་སྐྱེ་གནས་མགྲིན་པ་དང་། སོ་དང་། མཆུ་དང་། རྐན་སོགས་ལ་བྱེད་རྩོལ་གྱི་ཤུགས་ཆེ་ཆུང་ངམ་གྲིམས་ལྷོད་ཀྱི་དབང་གིས་སྒྲའི་ཤུགས་མོ་ལས་ཆུང་བའམ་ལྷོད་པས་ན་ཤིན་ཏུ་མོ་ཟེར།
|
| Domain
|
སྒྲ་རིག་པ།
|
ཤིན་ཏུ་མོ་ (2)
| Part of speech
|
མིང་ཚིག
|
| Definition
|
སྔོན་འཇུག་ལྔའི་ནང་གི་མ་ཡིག་སྟེ། རང་གི་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་རྣམས་ལ་སྒྲ་གདངས་དང་བྱེད་རྩོལ་ཤིན་ཏུ་ལྷོད་པའི་ཚུལ་གྱིས་འཇུག་པར་བྱེད་པས་ནའོ། །
|
| Example
|
མཁར། མགུར། མངལ། མཆན། མཇལ། མཉམ། མཐའ། མདའ། མནའ། མཚར། མཛད་ལྟ་བུ།
|
ཤིན་ཏུ་མོ་ (3)
| Part of speech
|
མིང་ཚིག
|
| Definition
|
རྗེས་འཇུག་བཅུའི་ནང་གི་ང་མ་འ་གསུམ་སྟེ། མིང་གཞི་གང་གི་མཐར་ང་དང་མ་གཉིས་ལ་ཡང་འཇུག་མེད་པར་ཞུགས་པ་དང་། འ་ཡིག་གི་རྗེས་འཇུག་ཅན་རྣམས་ནི་སྒྲ་ཤིན་ཏུ་ཞན་པར་འགྱུར་བས་ནའོ། །
|
| Example
|
བསྐང་། ཀོང་། སྐོམ། ལམ་དང་། མངའ། གཉའ། བཙའ་ལྟ་བུ།
|