89491

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤིས་བརྗོད་ཀྱི་རྒྱན་ (1)
Part of speech མིང་ཚིག
Definition སྙན་གཞུང་མེ་ལོང་མའི་དོན་རྒྱན་སོ་ལྔའི་ནང་གསེས་སོ་གསུམ་པ་སྟེ། རང་གཞན་གྱི་འདོད་པའི་དོན་གང་ཡིན་པ་དེ་བསྲུང་བའམ། བདེ་བླག་ཏུ་འགྲུབ་ཕྱིར་བར་ཆད་སོགས་མེད་པར་གེགས་མེད་འགྲུབ་པར་རེ་བ་འཆའ་བའི་སྨོན་ཚིག་ལྟ་བུ་ཞིག་ཡིན།
Example བོད་མཁས་པས། སྨྲ་བསམ་བརྗོད་པའི་ཡུལ་འདས་ཟུང་འཇུག་གི ། ཡེ་ཤེས་རང་གཟུགས་ངེས་པ་ལྔ་ལྡན་ཡང་། ། རིས་མེད་འགྲོ་བའི་སྣང་ངོར་དེ་སྙེད་སྐུས། །རྗེས་འཛིན་རྒྱལ་བ་རྒྱ་མཚོས་ཁྱོད་ལ་སྲུངས། །ཞེས་པ་ལྟ་བུ། །
Domain རྩོམ་རིག