89492

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤིས་བརྗོད་ཀྱིས་འགོག་པ་ (1)
Part of speech མིང་ཚིག
Definition འགོག་རྒྱན་ཉེར་གསུམ་གྱི་ནང་གསེས་བཅུ་གཅིག་པ་སྟེ། རང་གི་མི་འདོད་པའི་བྱ་བའམ་དངོས་པོ་ཞིག་དགག་བྱ་དང་། དེ་འགོག་བྱེད་ནི། རང་གིས་མི་འདོད་པའི་བྱ་དངོས་དེ་ལ། སྨོན་ཚིག་གམ་བཀྲ་ཤིས་པའི་ཚིག་དངོས་སུ་སྨྲས་ནས་དགག་པའི་ཚིག་དངོས་སུ་མ་བརྗོད་ཀྱང་། རང་ལ་འབྱུང་འགྱུར་གྱི་འབྲས་བུ་ངན་པ་ཞིག་ཡོང་རྒྱུ་ཡོད་པ་ཤུགས་ལ་བསྟན་པའི་སྒོ་ནས་འགོག་པ་ཞིག་ཡིན།
Example བོད་མཁས་པས། ཁྱོད་ཀྱི་འཚོ་བའི་ལྷག་ཀུན་ཐ་སྙད་ལ། །བསྒྲིལ་བར་བཞེད་ན་བསྐལ་བརྒྱར་བཞུགས་གྱུར་ཅིག། ། བདག་ཅག་སྙིང་བོ་དོན་ཟབ་འཚོལ་བ་རྣམས། །ཕྱི་ཕྱག་བགྱིས་ཏེ་དབེན་གསུམ་བསྟེན་པར་སྨོན། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག