89514
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་མང་སྐྱེ་བའི་ལྡུམ་བུའི་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྤྱིའི་སྐྱེ་ཚུལ་སོགས་ཤུ་དག་ནག་པོ་དང་འདྲ་བ་ལ་དེ་ལས་ཅུང་ཟད་ཆུང་བ། མེ་ཏོག་གི་ཁ་དོག་སེར་སྐྱའམ་ཕལ་ཆེར་དཀར་པོ་ཡིན་པ། རྩ་བའི་ངོ་བོ་སྲ་ཞིང་མཁྲེགས་པ། ལེབ་ཞད་ཡོད་ལ་འགའ་ཞིག་ཡན་ལག་གྱེས་པ། ཕྱི་ངོས་སེར་སྐྱ་གཉེར་ཚིགས་མང་ཞིང་ཚིགས་ཐག་ཐུང་བ། ཨ་ར་འདྲ་བའི་རྩྭ་ཕྲན་ཉུང་ལ་དྲི་ཞིམ་པ། ཚིགས་མཚམས་སུ་རྩྭའི་ཁ་སྤུའི་གོག་ཤུལ་ཡོད་པ་དང༌། གཉེར་མ་དང་སུལ་རིས་ཞིབ་མོ་ཡོད་པ། བཅད་ཁ་དཀར་པོ་ཡིན་ཞིང་དྲི་ཞིམ་ལ་རོ་ཚ་བ་ཞིག་སྟེ། བོད་ཀྱི་སྤོ་ཡུལ་དང༌། གྲོ་མོ། མཚོ་སྣ། དེ་བཞིན་བལ་ཡུལ་དང་རྒྱ་གར་སོགས་ཀྱི་རི་ལྡེབས་དང༌། གྲམ་ཁྲོད་དུ་སྐྱེ་བ་མང༌། རྩ་བ་བོད་ཟླ་བརྒྱད་པ་ཙམ་ལ་བཏུས་ཏེ་གཙང་མ་བཀྲུས་རྗེས་གཏུབ་ནས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཚ་ལ་མངར་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་ལྕི་བས་བཅུད་ལེན་དང་བློ་འཕེལ་བ། བུམ་རྫས་སོགས་ལ་འགྲོ་བ་དང༌། གྱུར་དུག་ལ་ཕན་པ་ཡིན། |
| Domain | གསོ་རིག |