89566

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤུགས་ (1)
Part of speech མིང་ཚིག
Definition མི་ཕྱུགས་ཀྱི་ལུས་ཕུང་གི་སྟོབས་རྩལ་ལས་བྱུང་བའི་ནུས་པ།
Example ལག་པའི་ཤུགས་ཀྱིས་འཐེན། རྟ་འདི་ལ་ཤུགས་ཆེ་ལྟ་བུ།
ཤུགས་ (2)
Part of speech མིང་ཚིག
Definition དངོས་པོ་རྣམས་ཀྱི་རང་གཤིས་སུ་གྲུབ་པའི་ནུས་པའི་མིང་སྟེ།
Example ཆུ་བོ་རང་ཤུགས་ཀྱིས་ཐུར་དུ་བབས། རླུང་རང་ཤུགས་ཀྱིས་གཡུགས་ལྟ་བུ།
ཤུགས་ (3)
Part of speech མིང་ཚིག
Definition དོན་ཞིག་དངོས་སུ་བསྟན་པས་དེའི་ཟུར་དང་སྐབས་དོན་སོགས་ལས་དོན་གཞན་ཞིག་ཧ་གོ་ཐུབ་པའི་དོན་ཏེ།
Example མི་རྟག་པ་དངོས་སུ་བསྟན་པས་སྡུག་བསྔལ་བ་ཤུགས་ལ་གོ་ལྟ་བུ།
ཤུགས་ (1)
Part of speech བྱ་ཚིག
Definition ཤུག་གི་སྐུལ་ཚིག
Transitive བྱ་བྱེད་ཐ་དད་པ།
Future [བཤུག]
Present [ཤུག]
Past [བཤུགས།]
Imperative [ཤུགས།]