89575
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་རྡོ་རྗེར་གནས་པར་འགྱུར་བ། ༢ ཤིང་ལྗོན་པ་ཐམས་ཅད་ལ་ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་སྣ་ཚོགས་ཆགས་ཏེ་བྱང་ཆུབ་ཀྱི་ཤིང་ག་ལ་བ་དེ་ལོགས་སུ་འདུད་ཅིང་འདུད་ལ་རབ་ཏུ་འདུད་དེ་མངོན་པར་རབ་ཏུ་འདུད་པར་འགྱུར་བ། ༣ སེམས་ཅན་ཐམས་ཅད་ཀྱང་སྐད་ཅིག་དེ་ལ་ཉོན་མོངས་པ་ཐམས་ཅད་ཀྱིས་གནོད་པར་མི་འགྱུར་བ། ༤ ངན་སོང་བའི་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་བྱང་ཆུབ་སེམས་དཔའ་མཐོང་སྟེ། མཐོང་ནས་ཀྱང་བདེ་བ་ཐམས་ཅད་ཀྱིས་ཚིམ་པར་འགྱུར་བ། ༥ འཇིག་རྟེན་གྱི་ཁམས་ཐམས་ཅད་དུའང་བར་གྱི་འཇིག་རྟེན་གྱི་ཁམས་རྣམས་གསེར་གྱི་ཁ་དོག་ལྟ་བུའི་འོད་ཀྱིས་ཁྱབ་པར་འགྱུར་བ། ༦ ས་གཡོ་བ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་ཞིང་སེམས་ཅན་གང་ལའང་རྣམ་པར་གནོད་པར་མི་འགྱུར་བ། ༧ ཕྱོགས་བཅུར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཞལ་སྟོན་ཅིང་མི་འཇིགས་པས་དབུགས་འབྱིན་པར་མཛད་དེ། དེད་དཔོན་ཆེན་པོ་རྒྱལ་བར་གྱུར་ཅིག ། རྒྱལ་བར་གྱུར་ཅིག་ཅེས་གསུང་བརྗོད་པར་འགྱུར་བ། ༨ སེམས་ཀྱི་སྐད་ཅིག་གཅིག་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་པར་འགྱུར་བའོ། ། |
| Domain | ཆོས་ལུགས། |