From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཤེད་ (1)
| Part of speech
|
མིང་ཚིག
|
| Definition
|
མི་དང་སྲོག་ཆགས་ཀྱི་ལུས་ཀྱི་ཤ་རུས་རྐྱང་སྐུམ་བྱེད་པ་ལས་ཐོན་པའི་ནུས་པ།
|
| Example
|
མི་ལག་ཤེད་ཅན། རྟ་རྒྱུགས་ཤེད་ཅན་ཞེས་པ་ལྟ་བུ།
|
ཤེད་ (2)
| Part of speech
|
མིང་ཚིག
|
| Definition
|
ཕྱུགས་ཟོག་གི་ལུས་ཀྱི་ཤ་ཚིལ་སོགས་ཀྱི་མིང་སྟེ།
|
| Example
|
ནོར་ལུག་ཤ་ཤེད་བཟང་བ་རྩྭ་ཡི་དྲིན་ཞེས་པ་ལྟ་བུ།
|
ཤེད་ (3)
| Part of speech
|
མིང་ཚིག
|
| Definition
|
ཡིད་དང་སྟོབས་དང་། ཉམས་དང༌ཚངས་པ་སོགས་ལ་འཇུག་སྟེ། ངག་སྒྲོན་གྱི་འགྲེལ་པ་ལས། ཤེད་ཅེས་པ་ཡིད་དང་སྟོབས་དང་ཉམས་དང་ཚངས་པ་ཞེས་གསུངས།
|
| Type
|
བརྡ་རྙིང་།
|