89738

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེར་ཕྱིན་གྱི་མཚན་ཉིད་གསུམ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ཇོ་ནང་། དབུ་མ་པ། ཤེར་ཕྱིན་གྱི་གཙོ་བོ་བདེ་གཤེགས་སྙིང་བོའི་མཚན་ཉིད་གསུམ་སྟེ། འགྱུར་བ་མེད་པའི་མཚན་ཉིད་དང་། སྤྲོས་བྲལ་གྱི་མཚན་ཉིད། རྣམ་པ་ཐམས་ཅད་པའི་མཚན་ཉིད་བཅས་ཡིན་པ་ཏེ། རྗེ་ཏཱ་ར་ནཱ་ཐས་མཛད་པའི་ཤེར་ཕྱིན་གྱི་འགྲེལ་བ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་དོན་མང་པོ་ལ་འཇུག་ཀྱང་། དངོས་དང་གཙོ་བོ་ནི། ཤེས་བྱ་ཐམས་ཅད་ཀྱི་གནས་ལུགས་གཉིས་མེད་ཀྱི་ཡེ་ཤེས་བདེ་གཤེགས་སྙིང་པོ་དེ་ཡིན་ལ། མདོ་སྡེ་འདིས་ཤེར་ཕྱིན་དེའི་རང་བཞིན་སྤྲོས་བྲལ་གྱི་མཚན་ཉིད་དང་། འགྱུར་བ་མེད་པའི་མཚན་ཉིད་དང་། རྣམ་པ་ཐམས་ཅད་པའི་མཚན་ཉིད་དེ། དོན་གྱི་གཙོ་བོ་གསུམ་པོ་དེ་སྟོན་ཅིང་། ཞེས་དང་། ཇི་ལྟར་སྟོན་ཞེ་ན། གཟུགས་མེད་ཅེས་པ་ལ་སོགས་པས་སྤྲོས་བྲལ་དང་། མ་སྐྱེས་པ་ཞེས་པ་ལ་སོགས་པས་འགྱུར་མེད་དང་། གཟུགས་སྟོང་པའོ་ཞེས་པ་ལ་སོགས་པས་རྣམ་པ་ཐམས་ཅད་པ་སྟོན་པའོ། །ཞེས་བྱུང་།
Domain [ཆོས་ལུགས།, ལྟ་གྲུབ།]