89742

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེར་ཕྱིན་བཀའ་འབབ་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། ཤེར་ཕྱིན་བཀའ་འབབ་ཀྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་ཉི་ཤུ་པ་ཡིན། བརྗོད་བྱ། རྒྱལ་ཚབ་བྱམས་པ་ལས་བརྒྱུད་པའི་ཡུམ་ཤེར་ཕྱིན་གྱི་དོན་མཁྱེན་གསུམ། སྦྱོར་བཞི། འབྲས་བུ་ཆོས་སྐུ་སྟེ་སྐབས་བརྒྱད་པོ་སྟན་ཐོག་གཅིག་ཏུ་དཔྱད་འཇོག་སྤེལ་མའི་བསྒོམ་ཚུལ་ཉིད་ལམ་གྱི་སྲོག་ཏུ་གསལ་བར་བསྟན་ཡོད། བརྒྱུད་རིམ་ནི། ཐུབ་དབང་བྱམས་ཆེན་དམ་པ་རྒྱ་གར་བ། །བྱང་སེམས་ཀུན་དགའ་སྭ་ཚབ་ཚུལ་ཁྲིམས་འབར། །རྒྱལ་བ་ཏེ་ནེ་ཞིག་པོ་ཉི་མ་སེང་། །སྙེ་མོད་བསོད་དཔལ་རྒྱལ་སྲས་ཀུན་དགའ་མཆེད། །རི་ཁྲོད་དབང་ཕྱུག་ཚུལ་འཕགས་སངས་རྒྱས་དབོན། །བློ་གྲོས་རྒྱ་མཚོ་རོང་སྟོན་ཤེར་རྒྱམ་པ། །རྭ་སྟོན་ཡོན་དཔལ་མཁན་ཆེན་བསོད་ལྷུན་རྗེ། །ཞེས་སོགས་དང་། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། ཞེས་པའི་བར་ནི་སྤྱན་རས་གཟིགས་ཀྱི་ཁྲིད་ལྟར་དང་། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། རོང་སྟོན་གྱི་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།